འཇང་བྱང་ཆུབ་གླིང་།

༈ བྱང་ཆུབ་གླིང་གི་ལོ་རྒྱུས་རགས་བསྡུས་ནི། དགོན་འདི་ 1642 ལོར་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་དགོན་འདིར་ཕེབས་ནས་འགྲོ་དོན་བསྐྱངས་ཤིང༌། དགོན་མིང་དུ་གསང་སྔགས་བྱང་ཆུབ་ཞེས་བསྩལ། སི་ཏུ་ཆོས་ཀྱི་འབྱུང་དང་རྒྱལ་ཚབ་སྐུ་ཕྲེང་བརྒྱད་པ་ཆོས་འཕེལ་བཟང་པོས་ཀྱང་གནས་འདིར་སྔ་ཕྱིར་ཞབས་ཀྱིས་བཅགས་ཤིང་དགོན་འདི་རྒྱ་བསྐྱེད་མཛད། ཁྱད་པར་དུ་དྲུང་པ་ཧུ་ཐོག་ཐུ་སྐུ་ཕྲེང་བཅུ་གསུམ་པ་དང་བཅུ་བཞི་པ། བཅོ་ལྔ་པ་བཅས་དང་ཀརྨ་བཟང་པོ་རིན་པོ་ཆེའི་མཛད་ཕྲིན་ལས་དགོན་འདི་མཁས་གྲུབ་སྐྱེས་བུ་གསོ་སྐྱོང་ཡུན་རིང་གནང་ཞིང༌། རྟེན་དང་བརྟེན་པ་རྒྱ་བསྐྱེད་མཛད་དེ། བྱང་ཆུབ་གླིང་འདི་ཆེས་དར་རྒྱས་ཀྱི་དུས་སུ་སླེབས་ཡོད་ལ། དགེ་འདུན་པ་གྲངས་ 120 ལྷག་ཙམ་ཡོད། དད་འབུལ་ཕུན་སུམ་ཚོགས་ཤིང་མཁས་གྲུབ་ཀྱི་སྐྱེས་བུ་བར་མ་ཆད་པར་བྱོན་པས། སྙན་གྲགས་ཕྱོགས་སུ་རྒྱས་ཏེ། འཇང་ཡུལ་ཀརྨ་བཀའ་བརྒྱུད་དགོན་ཆེན་བཅུ་གསུམ་གྱི་ཡ་གྱལ་ཞིག་ཏུ་གྱུར།