རིགས་གསུམ་རྩེ་དགོན།

དགོན་མིང་། རིགས་གསུམ་རྩེ་དགོན།
བཏབ་ཡུལ། ཡུལ་ཤུལ་རྫོང་རག་སྨད་ཡུལ་ཤོག
འདེབས་མཁན། དབོན་ཨ་ཆོས།
བཏབ་ལོ། རབ་བྱུང་བཅུ་དྲུག་པའི་ནང་།
ཟུར་བརྗོད་མདོར་བསྡུས།
རབ་ཤིས་རྒོད་སྟོད་དུ་བླ་མ་ཨ་ཆོས་རིན་པོ་ཆེས་རབ་བྱུང་བཅོ་ལྔ་པའི་ནང་ཕྱག་བཏབ། ཁོང་ནི་ཟུར་མང་བསྟན་སྤྲུལ་སྐུ་ཕྲེང་བཅུ་པ་ལེགས་བཤད་སྨྲ་བའི་ཉི་མའི་གཅུང་པོར། རབ་ཤིས་རིགས་གསུམ་གཞུང་ངམ་ཁ་ཤར་ཁུག་ཏུ་ཡབ་བློ་ལྡན་དང་ཡུམ་སེ་བཟའ་ག་སྒོང་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་མེ་མོ་ཕག་སྤྱི་ལོ་༡༨༨༧ལོར་སྐུ་འཁྲུངས། དེ་ནས་བསྟན་སྤྲུལ་རིན་པོ་ཆེའི་ཞབས་ཕྱིར་འབྲངས་ཏེ་ཟུར་མང་དུ་བཤད་གྲྭར་ཞུགས་ནས་ཟུར་མང་མཁན་ཆེན་པདྨ་རྣམ་རྒྱལ་ལས་ཆོས་མང་དུ་གསན་པས་མཁས་པར་གྱུར། དུས་ཕྱིས་ཆོས་རྗེ་ཀརྨ་པ་རིག་པའི་རྡོ་རྗེས་བཀའ་ལུང་ཕེབས་པ་བཞིན་དུ་རྡོ་ཤུལ་མཁྱེན་སྤྲུལ་རིན་པོ་ཆེ་དང་ཐུགས་མཉམ་གྱིས་ཕྱིའི་རྟེན་གསུམ་གཙུག་ལག་ཁང་དང་། ནང་འདུས་པ་གྲྭ་ཚང་གི་སྡེ་བཅས་དཔལ་ཀརྨ་ཟུར་མང་ལུགས་འཛིན་པའི་བཀའ་བརྒྱུད་ཀྱི་དགོན་སྡེ་ཞིག་བཙུགས་ཏེ་དར་ཞིང་རྒྱས་པར་མཆིས་སོ། །