ལྗོགས་དུང་དགོན་གསར་དགོན།

ཀརྨ་ཀཾ་ཚང་ལྗོགས་དུང་དགོན་གསར་དགོན་ནི། ཐོག་མར་དགོན་གསར་དགོན་བྱུང་བའི་དུས་ཚོད་༡༧༤༩ ལོ་སྒྱོགས་དུང་ཁྲི་བ་བློ་བཟང་བསྟན་པ་རབ་རྒྱས་ཁོང་གིས་དགོན་ས་བཏབ། དེའི་དུས་སུ་བླ་མ་ནི་འདན་མ་ཤ་ཁྲིད་སྤུལ་སྐུ་ཐུབ་བསྟན་ནམ་མཁའ་རབ་འབྱམས་་་བེ་རུ་སྤྲུལ་སྐུ་སྤྲུལ་སྐུ་དགའ་ཐོ་་་བཅས་བླ་མ་བཞི་རྩམ་ཡོད་བར་སྐབས་བསྟན་པ་ལ་ཉམས་རྒུད་ཚབ་ཆེན་བྱུང་དེ་ནས་མཁན་ཆེན་ཟླ་བཟང་མཆོག་གི་བདག་རྐྱེན་ལས་སླར་ཡང་དར་ཞིང་རྒྱས་པར་བྱུང་། ཡར་དར་སྐབས་༡༩༨༦ལོ་རག་ཤུལ་ལ་གྲགས་ཁོང་གིས་བསྟན་དགོན་ཉམས་གསོ་བྱས་ཀརྨ་ཀཾ་ཚང་ཕྱག་བཞེས་ལྟར་སྒྲུབ་མཆོད་མང་པོ་ཚུགས་ནས་ད་སྐབས་བླ་མ་ཐུབ་བསྟན་བསྟན་འཛིན་དང་བདེ་ཆེན་ཆོས་འཕེལ་གཉིས་ཀྱིས་བསྟན་པ་ལ་འཛིན་སྐྱོང་བྱས་ཡོད། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ཁྲ་འདམ་ཤང་འདམ་གྱི་འདམ་ཆུ་སྔོ་མོ་གཡས་འགྲམ་དུ་འདམ་གྱི་རྒྱལ་ཆེན་བཅོ་རྒྱད་ནང་ཚེས་འདམ་ནོར་བུ་རྒྱལ་གྱི་ནུབ་ཕྱོགས་ལ་དགོན་པ་ཆགས་ཡོད།