ཚང་གསར་བླ་ཁྱབ་བྱང་ཆུབ་ནོར་འཛིན་གླིང་།

འབའ་རོམ་བཀའ་བརྒྱུད་ཀྱི་དགོན་སྡེ་བླ་ཁྱབ་བྱང་ཆུབ་ནོར་འཛིན་ཆོས་གླིང་ནི་ཚང་གསར་ངག་དབང་ཕྲིན་ལས་ཀྱིས་ཕྱག་བཏབ།  ཁོང་ནི་རབ་བྱུང་བཅུ་གཉིས་པའི་ནང་ཡབ་ཚང་གསར་ལྷ་ཡི་གདུང་རྒྱུད་ལས།  མདོ་ཐང་ཚངས་གསར་ཀརྨ་ངག་དབང་དར་རྒྱས་དང་ཡུམ་ལྷ་གཟིགས་གཟའ་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།   ༧ ཀརྨ་པ་ཡེ་ཤེས་རྡོ་རྗེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མའི་ཞབས་ལ་བསྙེན་ནས་སྡེ་སྣོད་དང་རྒྱུད་སྡེ་རབ་འབྱམས་ལ་མཁྱེན་པ་རྒྱས།  ཁུ་བོ་བླ་མ་རིན་ཆེན་ལྷུན་གྲུབ་ལས་སྒྲུབ་བརྒྱུད་འབའ་རོམ་པའི་གདམ་སྐོར་སྤྱི་དང་།  ཐབས་གྲོལ་ཟབ་མོའི་མན་ངག་རྫོགས་པར་གསན་ཏེ་སྒྲུབ་པ་ལ་གཞོལ་བས་མཁས་གྲུབ་གཉིས་ལྡན་ཀྱི་མཛད་པས་འགྲོ་མང་སྨིན་གྲོལ་ལ་བཀོད་པའི་ཕྲིན་ལས་རྒྱ་ཆེར་བྱུང་།   སྐུ་ཕྲིང་གཉིས་པ་ཀརྨ་མཁྱེན་རབ་དབང་ཕྱུག་གསུམ་པ་སྐྱེལ་ཚ་བ་ཀརྨ་ཆོས་དབྱིངས་རང་གྲོལ་བཞི་པ་བསམ་གཏན་རྒྱ་མཚོ་ལྔ་པ་ཀརྨ་ཚེ་དབང་བདེ་ཆེན་རྣམས་ནི་ན་རིམ་རིམ་པར་བྱོན་པའོ།   གནས་ཡུལ།   ཁམས་ནང་ཆེན་ལྕི་རྒྱུད་ཚང་གསར་གྲྭ་ནང་།