ལྷ་རྩེ་རྣམ་རྒྱལ་དགོན།

རྒྱལ་རོང་ལྷ་རྩེ་རྣམ་རྒྱལ་དགོན་ནི་ཀུན་མཁྱེན་སི་ཏུ་པཎ་ཆེན་ཀྱི་སློབ་མ་གཟིགས་སྤྲོ་དགོན་གྱི་བླ་མ་བསམ་འགྲུབ་༡༧༠༤ 一༡༧༨༧ཞུ་བ་འདིས་དགུང་གྲངས་དྲུག་ཅུ་ལ་བསླེབས་སྐབས་གནས་འདི་རུ་བྱོན་ནས་མཚམས་སྒྲུབ་ཟབ་མོ་བགྱིས་ཏེ་ལོ་ཉི་ཤུར་བཞུགས་ཤིང་མཐར་དགོན་འདི་ཕྱག་བཏབ་མཛད་ནས་ཆོས་རྒྱུད་ཀརྨ་ཀཾ་ཚང་དང་གཟིགས་སྤྲོ་དགོན་གྱི་དགོན་ལག་དུ་གྱུར། ཕྱིས་སུ་གཟིགས་སྤྲོ་དགོན་གྱིས་བརྩེ་གཟིགས་གནང་ནས་བསྐྱངས་སོ།། ས་གནས་ཤར་རྒྱལ་མོ་ཚ་བའི་རོང་དུ་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པ་ལས་རྫོང་འགག་ཕུན་ཚོགས་རྫོང་གི་སྡེ་འབངས་སར་རྫོང་ཡུལ་ཚོ་མངའ་ཁོངས་སུ་ཆགས་ཡོད། ད་ལྟའང་དགོན་འདི་བླ་མ་འགྱུར་མེད་མཆོག་གིས་བདག་སྐྱོང་མཛད་དང་མཛད་བཞིན་པ་ལགས་སོ།།