སྐྱོ་བྲག་ཁང་ནེ་དགོན།

སྐྱོ་བྲག་ཁང་ནེ་དགོན་མདོ་སྔགས་ཉི་བྱེད་བཀའ་བརྒྱུད་བཤད་སྒྲུབ་གླིང་།
དྭགས་བརྒྱུད་རྒྱལ་བ་འབའ་རོམ་པའི་བརྒྱུད་འཛིན་ ༧ ཨ་བསྟན་ཕུན་ཚོགས་སྐུ་ཕྲེང་དང་པོ་ཆོས་རྗེ་བསྟན་འཛིན་ཕུན་ཚོགས་མཆོག་ནི། སྤྱི་ལོ་ ༡༤༦༡)ལོར་སྐུ་འཁྲུངས། སྐྱོ་བྲག་བསྟན་འཛིན་བཟང་པོ་བླ་མར་བརྟེན་ཞིང་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་སྐོར་མཐའ་དག་རྫོགས་པར་གསན་ཅིང་ཉམས་བཞེས་མཛད་པས་རྟོགས་པའི་རྩལ་འབྱོངས། རྒྱལ་མཆོག་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ནས་སྨིན་གྲོལ་མང་དུ་མནོས་ཤིང་ས་ཐོབ་ཀྱི་སེམས་དཔར་བསྔགས། རབ་བྱུང་བསྙེན་རྫོགས་མཛད་པས་མཚན་(ཆོས་རྗེ་བསྟན་འཛིན་ཕུན་ཚོགས་)སུ་གསོལ། སྐྱོ་བྲག་དབེན་ཁྲོད་གླང་རས་གྲགས་པ་རྒྱལ་མཚན་གྱི་སྒྲུབ་གནས་སྐྱོ་ཁོ་ཉིན་ཕུག་སུ་སྒྲུབ་པའི་རྒྱལ་མཚན་བཙུགས་པས་གྲུབ་པའི་གོ་འཕང་བརྙེས།
དེ་ནས་དགུང་གྲངས་ཞེ་ལྔར་སོན་པ་ཡེ་ཤེས་མཁའ་འགྲོ་སུ་ཁ་སིདྷིའི་ལུང་བསྟན་རྟེན་འབྲེལ་ཁྱད་པར་ཅན་བྱུང་ནས་རབ་བྱུང་བརྒྱད་པའི་ཤིང་གླང་སྟེ་སྤྱི་ལོ་(༡༥༠༥)ལོར་༧སྐྱོ་བྲག་གནས་རྒན་མའི་ཤར་ངོས་སུ་གདན་ས་(སྐྱོ་བྲག་ཁང་ནེ་དགོན་པ་ཐོག་དང་པོ་ཕྱག་བཏབ་སྟེ་དགེ་འདུན་འདུས་པའི་སྡེ་གཙུག ཁྱད་པར་མཉམ་མེད་འབའ་རོམ་དོན་བརྒྱུད་ཀྱི་བཀའ་སྲོལ་ལ་ཐུགས་དམ་གྱི་མཐིལ་བགྱིས་ཤིང་བསྟན་འགྲོའི་དོན་ཆེར་མཛད་ཞིང་དགུངས་གྲངས་བདུ་བཅུ་དོན་དྲུག་ཏེ་ ༡༥༣༧ ལ་སྐུ་ཞི་བར་གཤེགས་། དེ་ནས་བཟུང་ད་བར་སྐུ་ཕྲེང་བརྒྱད་ལ་སུམ་ལྡན་རྡོ་རྗེ་འཛིན་པ་ཤ་ཏག་རིམ་བཞིན་བྱོན། ༡༩༥༨ལོའི་དུས་ཟིང་ལ་བརྟེན་དགོན་སྡེ་ཚང་མ་ཉམ་ཉེས་བྱུང་ཚུལ་གཅིག་མཐུན་ལ། ༡༩༨༧ལོར་སླར་གསོའི་ཆོག་མཆན་ཐོབ་པ་ནས་བཟུང་། བསྟན་བདག་མཁན་སྤྲུལ་ཨ་བསྟན་ཕུན་ཚོགས་རིན་པོ་ཆེས་ཐུགས་སྐྱེད་མཛད་ཕྲིན་ལ་རྟེན་ནས་བསྟན་གཞི་གཙུག་ལག་ཁང་དང་བསྟན་རྩ་དགེ་འདུན་གྱི་སྡེ་དར་རྒྱས་མཛད། ཐོས་བསམ་སྒོམ་གསུམ་གྱི་སྟི་གནས་བཤད་སྒྲུབ་གཉིས་ལྡན་གྱི་དགོན་པ་ཤིག་ཡིན།

རབ་བྱུང་བཅུ་བདུན་པའི་ཆུ་རྟ་སྤྱི་ལོ་ ༢༠༠༢ སྐྱོ་བྲག་ཁང་ནེའི་ཆོས་གྲྭ་བཀའ་བརྒྱུད་བཤད་སྒྲུབ་ཆོས་འཁོར་གླིང་ཐོག་མའི་དབུ་བཙུགས། རྒྱལ་དབང་མི་བསྐྱོད་རྡོ་རྗེའི་དགོངས་འགྲེལ་གཞུང་ཆེན་རྣམས་ཀྱིས་གཙོར་བྱས། ཁྲོ་ཕུ་བུ་སྟོན་ཐམས་ཅད་མཁྱེན་པ་དང་། འབྲུག་ཀུན་མཁྱེན་པདྨ་དཀར་པོའི་རིག་གཞུང་ཁག་འབུར་འདོན་དང་རྒྱུན་སྤེལ་བྱ་ཡུལ་གྱི་ནང་བསྟན་སློབ་གླིང་ཤིག་ཡིན།

This image has an empty alt attribute; its file name is img_4072.jpg
This image has an empty alt attribute; its file name is img_4073.jpg
This image has an empty alt attribute; its file name is img_4074.jpg
This image has an empty alt attribute; its file name is img_4075.jpg
This image has an empty alt attribute; its file name is img_4076.jpg
This image has an empty alt attribute; its file name is img_4077.jpg
This image has an empty alt attribute; its file name is img_4078.jpg