བྱ་འོང་དགོན།

བྱ་འོང་དགོན་ནི། གཏེར་སྟོན་ཆོས་སྐྱོང་གླིང་པས་ཕྱག་བཏབ་ཅིང་། འབའ་རོམ་བཀའ་བརྒྱུད་ཡིན་པར་གྲགས། སྔར་བར་ཁམས་ཤྭོ་སྟར་ལྷོ་གསུམ་ལས་སྟར་རྫོང་ཁོངས་གཏོགས་དང་ད་ལྟ་ཆབ་མདོ་དཔལ་འབར་རྫོང་ཁོངས་སུ་གནས། དགོན་པ་ཕྱག་བཏབ་པའི་སྤྱི་ལོ་མི་གསལ་ཡང་རྒྱལ་བ་ཐུབ་བསྟན་རྒྱ་མཚོས་ཆོས་སྲིད་སྐྱོང་བའི་སྐབས་སུ་འཁེལ་ཡོད་སྟབས།   ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་བྱིའི་སྤྱི་ལོ(1867)ལོར་དྭགས་པོ་གླིང་མདུན་དུ་སྐུ་འཁྲུངས་པ་དུང་དཀར་ཚིག་མཛོད་ཆེན་མོ་ནང་དུ་གསལ་ཡོད་པར་གཞིག་ན་ཕལ་ཆེར་སྤྱི་ལོ(1867)རྗེས་ཡས་མས་སུ་ཕྱག་བཏབ་ཡོད་པ་སྙམ།      
རིག་གནས་གསར་བརྗེ་སྐབས་གཏོར་བཤིག་ཆེན་པོ་ཕྱིན་ཀྱང་རྗེས་སུ་སྲིད་གཞུང་ནས་ཆོག་མཆན་ཐོབ་ནས་བླ་མ་ཨ་བུ་རིན་པོ་ཆེས་སྤྱི་ལོ(1987)ཉམས་གསོ་མཛད་དེ་བསྟན་འགྲོའི་དོན་མཐའ་ཡས་པ་མཛད།  ད་ལྟ་སྒྲུབ་ཁང་སོགས་རྒྱ་སྐྱེད་བཏང་སྟེ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཉམས་ལེན་ལ་ཕྱོགས་བཞིན་པ་ལགས། །