སྐྱེ་རེ་དབེན་ཆེན་བཙུན་དགོན།

སྐྱེ་རེ་དབེན་ཆེན་བཙུན་དགོན་ཀརྨ་འོད་གསལ་པད་མའི་དགའ་ཚལ་གླིང་ནི། མདོ་ཁམས་ལྷ་ཐོག་གཡུ་ཤིས་ལུང་པར་རིག་འཛིན་ཁྱུང་དྲག་རྡོ་རྗེ་མཐའ་ཡས་རྩལ་གྱིས་རབ་བྱུང་བཅུ་པ་སྲིན་པོ་ཞེས་པ་ཤིང་ཡོས་ ༡༦༡༥ ལོར་ཆགས་བཏབས། སྔོ་མོ་གནམ་རྫོང་སོགས་ནི་གཏེར་ཆེན་དམ་པའི་སྒྲུབ་གནས་མཛད་དེ་རི་གླིང་གི་སྒྲུབ་སྡེ་མང་དུ་འཕེལ། ཁྱད་པར་གྲུབ་ཆེན་གསང་སྔགས་བསྟན་འཛིན་གྱིས་བདེ་རྒྱ་ཕག་གསུམ་དང་། ཆོས་དྲུག་ཕྱག་ཆེན་སོགས་ཉམས་བཞེས་གནང་ཞིང་གྲུབ་པ་ཐོབ་པ་མང་དུ་བྱུང་། དེ་ནས་བཟུང་ཅོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་བསྐྱངས་བསྟན་པ་སླར་དར། ཁྲོ་བོ་ཞེས་པ་ས་མོ་གླང་ ༡༩༨༥ ལ་བསྟན་པ་སླར་གསོ་ཡི་སྲིད་ཇུས་ལ་བརྟེན་ནས་ཀརྨ་སེང་གེ་གྲགས་པས་བཤད་སྒྲུབ་ཀྱི་ཆོས་སྡེ་ཞིག་བསྐྲུན།