བཀའ་འབུམ་དགོན།

༧དཔལ་བཀའ་འབུམ་དགོན་ལྗོངས་མེ་ཏོག་རྒྱས་པའི་ཆོས་སྒར་ཆེན་མོ་འདི་ནི།
ལྷ་དང་བླ་མའི་བཀའ་ལུང་དང་། ཤེས་ལྡན་གྱི་མི་སྣ་མང་པོས་རེ་བསྐུལ་ལ་བརྟེན་ནས་མཁན་ཆེན་ཚུལ་ཁྲིམས་བསམ་འགྲུབ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་2008/4/15དུས་བཟང་དགེ་བའི་ཉིན་ཕྱག་བཏབ།

ཆོས་རྒྱུད་ནི།
འགྲོ་མགོན་བཀའ་བརྒྱུད་པ།
འཆད་ཉན་གྱི་གཞུང་ལུགས་གཙོ་བོ་ནི། ཀུན་མཁྱེན་བླ་མ་མི་བསྐྱོད་རྒྱལ་བའི་མདོ་སྔགས་ཀྱི་གསུང་རབ་དག་ཡིན།
ས་གནས་ནི།
བོད་མདོ་དབུས་ཁམས་གསུམ་ལས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ནང་ཚན་ཟ་མོ་སྒང་གི་ཁུངས་གཏོགས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་དང་། ནང་ཆེན་རྫོང་། དེ་བཞིན་རྫ་སྟོད་རྫོང་གསུམ་གྱི་ས་མཚམས་ཀྱི་འདུས་མདོར་ཡུལ་ཤུལ་རྫོང་གི་མངའ་འོག་རག་ཤུལ་ཕྱི་རུག་མ་བཀྲམ་གནས་མཆོག་གི་མདུན་ཐང་དུ་ཆགས་ཡོད།
དགོན་པའི་ལྷོ་ཕྱོགས་ཀྱི་སྡེ་ནི་ནང་ཆེན་རྫོང་གི་སྡེ་དང་། ནུབ་ཕྱོགས་དང་བྱང་ཕྱོགས་རྫ་སྟོད་རྫོང་གི་སྡེ། དེ་བཞིན་ཤར་ཕྱོགས་ཡུལ་ཤུལ་རྫོང་གི་སྡེ་བཅས་ནི་ཆོས་སྒར་འདིའི་མཆོད་སྡེ་རུ་ཆགས་ཡོད།
ད་ཡོད་ཆོས་སྒར་འདི་ལ།
གྲྭ་པའི་བཤད་གྲྭ་དང་།བཙུན་མའི་བཤད་གྲྭ གོས་དཀར་ལྕང་ལོ་ཅན་གྱི་སྒོམ་གྲྭ དགེ་བསྙེན་གྱི་སྒོམ་གྲྭ གྲྭ་བཙུན་དག་གི་སྒོམ་གྲྭ མདོར་ན་གྲྭ་བཙུན་བརྒྱ་ཕྲག་གཉིས་ལྷག་དང་།གོས་དཀར་ལྕང་ལོའི་སྡེ་བརྒྱ་ཕྲག་བཞི་ལྷག་དང་།དགེ་བསྙེན་གྱི་སྡེ་ནི་སྟོང་ཕྲག་ཁ་ཤས་བཅས་ཡོད། དེང་སང་བགྲང་བྱ་རེ་རེ་བཞིན་དབྱར་གྱི་ཆུ་བོ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡིན་ནོ།།ལོ་རྒྱུས་དཔེ་མཚོན་ཙམ་འདི་ནི་སྤྱི་ལོ༢༠༢༠ ལོའི་སྤྱི་ཟླ ༨ པའི ༡༨ ཉིན་ཀརྨ་ཚེ་བརྟན་ནམ་དྲྭ་མིང་རང་ཚུགས་ནས་བྲིས་པའོ། །