སྟོང་ནགས་བླ་ཆུང་དགོན།

 ཀརྨ་བཀའ་བརྒྱུད་སྟོང་ནགས་བླ་ཆུང་དགོན་ཐུབ་བསྟན་དར་རྒྱས་གླིང་གི་ངོ་སྤྲོད། 

སྟོང་ནགས་བླ་ཆུང་དགོན་ནམ་སྟོང་ནགས་ཐུབ་བསྟན་དར་རྒྱས་གླིང་ནི་ད་ལྟའི་སྟོང་ནགས་བླ་ཆེན་དགོན་ནས་གྱེས་པ་ཡིན་ཞིང་།  དུས་རབས་བཅོ་བརྒྱད་པའི་ལོ་རབས་བདུན་བཅུ་ཡས་མས་ཙམ་ལ་སྟོང་ནགས་བླ་མ་ཆོས་བཟང་མཆོག་གིས་གཙོ་སྐྱོང་གནང་སྟེ་ད་ལྟའི་ས་གནས་ཀྱི་དབང་དུ་བྱས་ན་ནང་ཆེན་རྫོང་སྡོམ་པ་ཤང་གི་མངའ་ཁོངས་བསམ་གྱི་ཉི་ཟླ་ཁ་རུ་ཕྱག་བཏབ་དགོན་པའི་མཚན་སྟོང་ནགས་བླ་ཆུང་དགོན་ཞེས་གྲགས།  དུས་འགྱུར་སྐབས་ཉམས་ཆག་བྱུང་བ་སླར་ཡང་བསྟན་པ་ཡང་དར་སྐབས་ཉམས་གསོ་ཅུང་ཟད་གྲུབ། ༢༠༠༧ལོར་རྒྱལ་ཁབ་ཀྱིས་དགོན་པ་ཆོག་མཆན་ཐོབ།  

      ༢༠༡༠ལོར་མཆོད་སྡེའི་གནས་སྟངས་དང་འགྲོ་འོང་ལ་སྟབས་བསྟུན་གྱིས་གྲྭ་ཚང་ཡོངས་ཀྱི་བསམ་ཚུལ་ལྟར་རྫ་སྟོད་རྫོང་ཁོངས་ཕྱི་རུག་ཞང་བསམ་ཡིད་སྨོན་གཞུང་ལུང་རིང་ནང་དུ་དགོན་ས་སྤོས་ཏེ་རིམ་བཞིན་ལྷ་ཁང་དང་།  སྒྲུབ་ཁང་།  བཤད་གྲྭ་སོགས་གསར་བཞེངས་གནང་ཞིང་།  ད་ལྟའི་ཆར་བསྟན་པའི་བདག་པོ་མཆོག་སྤྲུལ་ཀརྨ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དང་།  ཉང་ཚ་བདེ་ཆེན་ནམ་བླ་མ་ཚུལ་ཁྲིམས་མཐར་ཕྱིན་གཙོས་འདུས་པ་བརྒྱ་ཕྲག་ལྷག་ཙམ་བཞུགས་ཤིང་།  བཤད་གྲྭ།  སྒྲུབ་གྲྭ།  ཚོགས་གྲྭ།  ཡིག་གྲྭ་སྟེ་གྲྭ་ཚང་བཞི་ཡིས་བསྟན་པ་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་རྒྱུན་སྐྱོང་བཞིན་པའོ། །

དགོན་པའི་འགན་འཛིན་ལྷན་ནས་༢༠༢༠ལོའི་ཟླ་༧པའི་ཚེས༡༡ཉིན་མོར་བྲིས།

སྟོང་ནགས་བླ་ཆུང་དགོན་པ་རྙིང་པ།