གླང་རྐང་དགོན།

གླང་རྐང་དགོན་ནམ་བཀྲ་ཤིས་ཆོས་འཕེལ་གླིང་ནི། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཡན་མོས་ཤང་གླང་རྐང་གྲོང་གི་ཁོངས་སུ་གཏོགས། བཀྲ་ཤིས་ཆོས་འཕེལ་གླིང་འདི་ནི་སྤྱི་ལོ་༡༣༠༢ལོར་ཆོས་རྗེ་རང་བྱུང་རྡོ་རྗེས་ཕྱག་བཏབ་ཅིང་དེ་རྗེས་རྒྱལ་དབང་བཅུ་པ་ཆོས་དབྱིངས་རྡོ་རྗེ་དང་སི་ཏུ་པཎ་ཆེན་རྣམ་གཉིས་ནས་རིམ་བཞིན་ཉམས་གསོ་གནང་བ་ཙམ་དུ་མ་ཟད་དགོན་པ་འདི་ནས་བསྟན་འགྲོའི་དོན་དཔག་མེད་མཛད། སྔོན་དུས་གྲྭ་བ་བརྒྱ་དང་བཞི་བཅུ་ལྷག་ཙམ་ཡོད་པ་དང་། དེ་རྗེས་དུས་ཡུན་གང་མཚམས་ཞིག་དུ་སྟོང་པར་གནས། སླར་ཡང་སྤྱི་ལོ་༡༩༨༨ལོར་བླ་མ་སེངྒེ་བཟང་པོ་གཙོས་པའི་བླ་སྤྲུལ་དང་དད་ལྡན་མང་ཚོགས་རྣམས་ཀྱིས་འབད་བརྩོན་ལྷོད་མེད་ཀྱིས་ཉམས་གསོ་ལེགས་གྲུབ་བྱུང་ཡང་སྤྱི་ལོ༢༠༠༦ ལོར་ཁ་བའི་རྐྱེན་གྱིས་དགོན་པ་ལ་གནོད་སྐྱོན་ཆེན་པོ་ཐེབས། དེ་རྗེས་སྤྱི་ལོ་༢༠༠༨ལོ་ནས་དབུ་བཙུགས་ཏེ་མཆོག་སྤྲུལ་ཐུབ་བསྟན་བརྩོན་འགྲུས་རིན་པོ་ཆེས་དབུ་མཛད་ནས་དགོན་པའི་ལས་བྱེད་རྣམས་དང་འདུས་མང་དང་མང་ཚོགས་ཡོངས་ཀྱི་ཐུགས་ཁུར་ཆེར་བཞེས་འོག་སྤྱི་ལོ་༢༠༠༡༦ལོར་ལེགས་གྲུབ་བྱུང་། ད་ཆ་དགོན་བཞུགས་དགེ་འདུན་པ་རྣམས་ནས་མར་ལུགས་བརྒྱུད་སྡེའི་སྐོར་གྱི་སྒྲུབ་མཆོད་ཁག་ཚོགས་བཞིན་ཡོད་ལ། གྲྭ་པ་འགའ་ཤས་གདན་ས་དཔལ་མཚུར་གཉིས་ནས་བཤད་སྒྲུབ་གང་རུང་ལ་འབད་བརྩོན་པ་ཆུ་བོའི་རྒྱུན་བཞིན་གནང་མུས་ལགས་སོ།།