དཀྲིག་བསྭོ་དགོན།

དགོན་མིང་། དཀྲིག་བསྭོ་དགོན།
འདེབས་མཁན། སྨིན་གྲོལ་རྒྱ་མཚོ།
བཏབ་ལོ། ༡༤༨༣
ཟུར་བརྗོད་མདོར་བསྡུས།
གཏེར་ཆེན་སྨིན་གྲོལ་གླིང་པའི་སྲས་སྨིན་གྲོལ་རྒྱ་མཚོའི་སྐུ་ཕྲེང་གཉིས་པས་ཟུར་མང་ཉག་གི་སྨད་རྫ་ཆུའི་འགྲམ།འབེ་ཡི་ས་མཚམས་སུ་སངས་རྒྱས་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ཤར་ཕྱོགས་སུ་གཟིགས་ཏེ་བདེ་ཕག་ཡབ་ཡུམ་གྱི་གནས་ཡིན་པས་དེར་ཁྱོད་ཀྱིས་གདན་ས་ཐོབ་དང་གསང་སྔགས་ཀྱི་བསྟན་པ་དར་བར་འོང་ཞེས་ལུང་བསྟན་པ་བཞིན་རབ་བྱུང་བརྒྱད་པའི་ཤིང་འབྲུག་སྤྱི་ལོ་༡༤༨༣ལོར་དགོན་པ་ཕྱག་བཏབ། དེ་ནས་ཕྱིས་ཙམ་ནས་ཟུར་མང་བཀའ་བརྒྱུད་ཀྱི་རིང་ལུགས་དག་མ་འཛིན་པའི་དགོན་པ་ཞིག་ཏུ་གྱུར།