བྲག་དཀར་དགོན།

࿑ བྲག་དཀར་དགོན་ནི། བོད་ལྗོངས་ནག་ཆུ་ཁུལ་སྙན་རོང་རྫོང་ཁྲོ་ཆེན་ཡུལ་ཤོག་ལ་ཡོད།
རབ་བྱུང་བཅུ་བདུན་པའི་ས་འབྲུག་ལོ་སྟེ་སྤྱི་ལོ་ ༡༩༨༨ ལོར་བྱང་རྟ་རྣ་དགོན་གྱི་འབྱོ་བླ་མ་ཕུན་ཚོགས་བཀྲ་ཤིས་ཕེབས་ནས་དེ་གའི་ཡུལ་སྡེའི་གཙོ་བོ་པོ་ཕྲེ་བསྟན་འདུས་དང་པུ་ཧྲི་བསྟན་འཛིན། རཀྴི་ཚུལ་བསྟན། འབྱོ་ཆུང་རྒྱལ་སོགས་ཀྱིས་རེ་ཞུས་ལྟར་དུ་དགོན་པའི་ས་མལ་ལ་གནས་ཆེན་བྱིན་འབེབས་དང་བུམ་གཏེར་སྦས་པ་གནས་ཀྱིས་གསང་གསོལ་སོགས་མཛད་ནས་གདན་ས་དངོས་སུ་བཏབ། གདན་རབས་གཉིས་པ་མདོར་མ་བླ་མ་ཀརྨ་བཟོད་པ་ཆེད་་མངགས་ཀྱིས་ས་མིག་དེར་དགོན་གནས་རྒྱ་བསྐྱེེད་སོགས་བསྟན་འགྲོའི་དོན་ཆེན་མཛད། དེ་རྗེས་གདན་རབས་གསུམ་པ་པུ་ཧྲི་བླ་མ་ཐུབ་དགའ་བསྐོས་བཞག་མཛད་ནས་ཁོང་གིས་དགོན་ཕྱི་ནང་གི་འདུ་འཚོགས་སོགས་རྒྱ་ཆེར་དར་བར་མཛད་ནས་ཡོད་པ་དང་རང་བྱུང་བཅུ་བདུན་པའི་ལྕགས་ཡོས་ལོ་སྟེ་སྤྱི་ལོ་ ༢༠༡༡ ལོར་ས་གནས་སྲིད་གཞུང་གིས་དགོན་པོའི་ཆོག་མཆན་ཐོབ་ནས་འདུ་ཁང་སོགས་ཡུལ་སྡེ་དང་བླ་གྲྭ་རྣམས་ཀྱི་སྤྱི་མཐུན་གྱིས་བཞེངས། གདན་རབས་བཞི་པ་འབྱོ་བླ་མ་ཀརྨ་བསྟན་འཛིན་གྱིས་ཡེལ་ལུགས་རང་རྐང་གི་ཆོ་ག་ཕྱག་ལེན་སོགས་དར་རྒྱས་སུ་མཛད་བཞིན་ད་སྐབས་བླ་མ་རྣམས་གཉིས་ཀྱིས་ཡེལ་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་བཞུགས་ཡོད་པ་ལགས་སོ།། སྔར་ས་གནས་འདི་ནི་ཨ་མདོ་དང་སོག་སྡེ་གཉིས་ཀྱི་ས་བར་ཁྲོ་གཞུང་དུ་དུས་འཁྲུགས་སྐབས་འབྲོང་སྟོད་བར་གེིི་སྡེ་ཤོག་གིས་ས་བཟུང་བྱས་པའི་དུད་ཚང་བརྒྱ་ཤོག་གཉིས་ལྷག་གི་སྤྱི་དགོན་དུ་ཆགས་ཡོད།