པྲེ་ཏ་པུ་རི་དགོན།

༄༅།  །པྲེ་ཏ་པུ་རི་དགོན་པ་ནི། མངའ་རིས་སྒར་རྫོང་། མོན་འཚེར་ཤང་དུ་ཆགས་ཤིང་། གནས་དེར་ཐོག་མར་རྒྱལ་བ་རྒོད་ཚང་པས་སྔ་ཕྱིར་ལོ་མང་བཞུགས་ནས་རྒོད་ཚང་ཕུག་ཏུ་སྒྲུབ་པ་གནང་ནས་བྱིན་གྱིས་བརླབས། དེ་རྗེས་བྱང་གཏེར་བ་སྒོམ་ཆེན་ཆོས་ཉིད་བཟང་པོས་སྔར་རྒྱལ་བ་རྒོད་ཚང་པ་བཞུགས་མྱོང་བའི་སྒྲུབ་ཕུག་དེར་ཞི་ཁྲོའི་ལྷ་ཁང་ཞིག་བཏབ་ཏེ་རྙིང་མ་བྱང་གཏེར་ལུགས་སུ་འཛིན། གནས་དེར་འབྲུག་པ་བཀའ་བརྒྱུད་དང་འབྲེལ་བ་ཆེ་བའི་རིམ་བཞིན་འབྲུག་པ་བཀའ་བརྒྱུད་ལ་དྭགས་སྟག་ཚང་རིན་པོ་ཆེ་ལ་ཕུལ་ནས་ལ་དྭགས་ཧེ་མི་དགོན་པའི་འཛིན་སྐྱོང་གནང་། དུས་རབས་བཅུ་དགུ་ཙམ་ཧེ་མི་དགོན་པ་དང་འབྲེལ་ཐག་རིམ་གྱིས་ཆད་ནས་འབྲུག་བདེ་ཆེན་ཆོས་འཁོར་ནས་འཛིན་སྐྱོང་གནང་། ཕྱི་ལོ་༡༩༤༡ ལོར་ཧ་སག་ཇག་འཁྱམས་ཀྱིས་གཏོར་ནས་སླར་ཡང་ཕྱི་ལོ་༡༩༤༤ལོར་སྤི་ཏི་བླ་མ་ཡེ་ཤེས་དཔལ་ལྡན་གྱིས་ཉམས་གསོ་གནང་། བར་སྐབས་ཤིག་ནས་གླང་སྣ་རིན་པོ་ཆེས་འཛིན་སྐྱོང་གནང་ནས་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དང་སླད་ཉམས་ཆགས་འཐུས་ཤོར་མི་ཡོང་བའི་ཆེད་འབྲས་བློ་གླིང་དགོན་ལག་སྤུ་རང་བཤད་འཕེལ་གླིང་གིས་བདག་སྐྱོང་མཛད། རིག་གནས་གསར་བརྗེའི་སྐབས་རྩ་གཏོར་དུ་སོང་།

པྲེ་ཏ་པུ་རི་དགོན་པ་ཐོག་མར་སྐྱར་ཞིང་བྱེད་པའི་དུས་ཚོད་ནི། སྤྱི་ལོ་༡༩༨༤ ལོར་སྲིད་གཞུང་ནས་མ་དངུལ་སྒོར་༤༠༠༠༠ གནང་བ་དང་།  མི་སྣ་ཤང་གི་དབུ་ཁྲིད་ཉི་མ་ཆོས་འཕེལ་དང་ཚུན་གྱི་ཀརྨ་རིག་འཛིན་གཉིས་ནས་འགན་འཁུར་གནང་། འདུ་ཁང་ཀ་བཞི་གཅིག་བཞེངས་ཡོད།  དེ་སྐབས་དགོན་པ་ལ་གྲྭ་པ་གཅིག་ཀྱང་མེད་ཅིང་ལོ་ཤས་རིང་ལ་མང་ཚོགས་ནང་ནས་སྐུ་གཉེར་རེས་མོས་བྱས་ནས་བསྡད་པ་རེད། སྤྱི་ལོ་༡༩༩༡ ལོར་ཆུས་ཤང་དང་དགོན་པའི་དོ་དམ་ཚོགས་ཆུང་བཙུགས་ནས་ཤང་གི་ཧྲུའུ་ཅི་ཉི་མ་ཆོས་འཕེལ་དང་ཆུས་ཀྱི་ཧྲུའུ་ཅི་ཚེ་རིང་བཅས་ལྷག་པར་དུ་ཤང་གི་ཧྲུའུ་ཅི་ཉི་མ་ཆོས་འཕེལ་ནས་གཙོ་འགན་གནང་བ་དང་། དབང་ཕྱུག་ནོར་བུ་ལས་ཁུང་ལས་དགོངས་པ་ཞུས་ནས་དགོན་པའི་གྲྭ་པ་བྱེས་ནས་འགན་ཁུར་བ་དང་།   ཡང་སྐྱར་དགོན་པ་ཉམས་བཟོ་བྱེད་དགོས་པའི་གཞིས་རྩེ་ས་ཁུལ་ངམ་རིང་རྫོང་ཁོང་ནས་ལས་མི་ཁ་ཤས་ཚུར་སྒྲུབ་བྱས།    ལྷ་ཁང་ཀ་བརྒྱད་གཅིག་བཞེངས།   གྲྭ་ཤག་ཁ་ཤས་བཞེངས་ཡོད།  གྲྭ་དབང་ཕྱུག་ནོར་བུ་ཁོང་གིས་དགེ་ཕྲུག་ཁ་ཤས་གསོ་སྐྱོང་གནང་ཡོད།  སྤྱི་ལོ་༢༠༠༣ ལོར་ཁོང་སྙུང་གཞི་ཕོག་ནས་མཐར་༢༠༠༤ ལོར་སྐུ་གཤེགས།  ཁོང་གི་དགེ་ཕྲུག་ཁ་ཤས་ལ་རེ་བ་བཅོལ་ཡོད། དེ་ནས་ལོ་ཤས་རྗེས་ནས་དགོན་པ་ལ་བལྟ་མཁན་མེད་པའི་གནས་ཚུལ་བྱུང་ནས། སྤྱི་ལོ་༢༠༡༡ ལོར་པྲེ་ཏ་པུ་རི་དགོན་པའི་ངག་དབང་ཆོས་རྒྱལ་དང་ཚུན་བཅས་ནས་བླ་མ་ཀརྨ་བསོད་ནམས་ལ་པྲེ་ཏ་པུ་རིའི་དགོན་པར་ཞུགས་རོགས་ཞུས་པ་དང་།  བླ་མ་ཀརྨ་བསོད་ནམས་ནས་སྐྱབས་རྗེ་ཀརྨ་མཆོག་གྲུབ་རིན་པོ་ཆེ་ཁོང་གི་ཅི་གསུང་དང་། གཉིས་ནས་དད་ལྡན་མང་ཚོགས་དང་། གོང་རིམ་སྲིད་གཞུང་ནས་བཀའ་གང་གནང་མ་གཏོགས་རང་སྣང་གང་ཤར་བྱེད་རྒྱུ་མེད་གསུང་།   དེའི་རྗེས་ནས་པྲེ་ཏ་པུ་རིའི་ངག་དབང་ཆོས་རྒྱལ་དང་ཚུན་ཤང་བཅས་ནས་སྒར་རྫོང་འབྲེལ་ཡོད་རྣམས་ལ་ཞུས་པ་དང་།  སྒར་རྫོང་ནས་དགེ་རྒྱས་རྫོང་ལ་འབྲེལ་བ་གནང་བ་དང་།  དེའི་རྗེས་ནས་སྒར་རྫོང་ཆོས་ལུགས་ལས་དོན་དང་དགེ་རྒྱས་རྫོང་ཆོས་ལུགས་ལས་དོན་མཉམ་དུ་ཚྭ་ཁ་ཤང་ལ་ཕེབས་ནས་རྫོང་སོ་སོར་འབྲེལ་ཡོད་དང་དེ་བཞིན་ཤང་ཚུན་འབྲེལ་ཡོད་ཡོངས་བཀྲིས་ཆོས་གླིང་དགོན་ལ་ཕེབས་པ་དང་།  ང་ཚོ་སྲིད་གཞུང་ཕན་ཚུན་གྲོས་མོལ་བྱུང་ཡོད། དགེ་རྒྱས་རྫོང་དང་ཚྭ་ཁ་ཤང་ཚུན་བཅས་ནས་མོས་མཐུན་བྱུང་སོང་།  གཅིག་ནས་བླ་མ་རིན་པོ་ཆེ་ནས་བླ་མ་ཀརྨ་བསོད་ནམས་པྲེ་ཏ་པུ་རི་དགོན་པའི་བླ་མ་ལ་བཏང་རོགས་ཞུ་རྒྱུ་ཡིན།  གཉིས་ནས་བླ་མ་ཀརྨ་བསོད་ནམས་ཕེབས་རོགས་ཞུས་པ་དང་།   བླ་མ་ཀརྨ་བསོད་ནམས་ནས་གཅིག་ནས་བླ་མ་རིན་པོ་ཆེ་ཅི་གསུང་དང་གཉིས་ནས་སྲིད་གཞུང་ཁག་ནས་བཀའ་གང་གནང་ཡིན་ཞུས་པ་དང་།   བླ་མ་རིན་པོ་ཆེ་ནས་བསྟན་པ་གང་ཕན་ཁྱད་པར་མེད་གསུང་ནས་ཞལ་བཞེས་གནང་བ་དང་།   དེ་ནས་བླ་མ་ཀརྨ་བསོད་ནམས་པྲེ་ཏ་པུ་རི་དགོན་པའི་འཛིན་བདག་གནང་རྒྱུ་ཐག་ཆོད་པ་ཡིན།   དེའི་རྗེས་སྤྱི་ལོ་༢༠༡༢ ལོར་ཟླ་༡་པོའི་ཚེས་༢ ཉིན་སྒར་རྫོང་འབྲེལ་ཡོད་དང་དགེ་རྒྱས་རྫོང་འབྲེལ་ཡོད་ཚྭ་ཁ་ཤང་ཚུན་འབྲེལ་ཡོད་དབུ་ཁྲིད་ལྷན་རྒྱས་རྣམས་བཀྲིས་ཆོས་གླིང་དགོན་དུ་ཕེབས་ནས་བླ་མ་རིན་པོ་ཆེ་དབུ་ཞུགས་གནང་ནས་དགའ་འཛོམས་ཕུན་སུམ་ཚོགས་པར་གནང་བ་དང་།  ༢༠༡༢ཟླ་༡པོའི་ཚེས་༥ཉིན་སྒར་རྫོང་འབྲེལ་ཡོད་དང་དགེ་རྒྱས་རྫོང་འབྲེལ་ཡོད་ཚྭ་ཁ་ཤང་ཚུན་དགོན་སྡེ་བཅས་ནས་ཕེབས་བསུ་དང་ཕེབས་བསྐྱལ་གནང་ནས་པྲེ་ཏ་པུ་རི་དགོན་དུ་ཉིན་ཤས་དགའ་འཛོམས་ཕུན་སུམ་ཚོགས་པར་གནང་བ་དང་། དེའི་རྗེས་ནས་བླ་མ་ཀརྨ་བསོད་ནམས་པྲེ་ཏ་པུ་རིའི་དགོན་པའི་འཛིན་བདག་གནང་བ་རེད།  དེའི་རྗེས་སུ་གོང་གི་སྲིད་ཇུས་བཟང་པོ་འོག་ནས་འགྲོ་ལུགས་རིམ་བཞིན་གཉེར་ནས་འདུ་ཁང་དང་། བཀའ་འགྱུར་ལྷ་ཁང་། མགོན་ཁང་། གཟིམ་ཆུང་། མཛོད་ཁང་། གྲྭ་ཤག །ཐབ་ཚང་། མཆོད་མེ་ཁང་། ལྕགས་རི་མཆོད་རྟེན་མཎ་འཁོར། སྒོ་ཚང་། ཕག་མོའི་སྒྲུབ་ཁང་། ད་དུང་སྒྲུབ་ཕུག་གྲངས་བཅོ་ལྔ་ཙམ་ལེགས་འགྲུབ་བྱུང་ཡོད་པའི་ད་སྐབས་མཐོང་ཆོས་སུ་གྱུར།