ལྗོངས་གནས་དགོན།

དཔལ་ལྡན་ལྗོངས་གནས་དགོན་པ་ནི།
བོད་མདོ་ཁམས་སྡེ་དགེ་ནུབ་ཕྱོགས་འཇོ་མདའ་རྫོང་ཁོངས་པདྨ་སྡེ་པའི་ཡུལ་དབུས་སུ།
སྤྱི་ལོ་ ༡༤༩༠ ཡས་མས་ཤིག་ལ་ ༧ ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་དངོས་སློབ་ཞི་བྱེད་གཅོད་ཀྱི་བཀའ་བབས་པའི་བྱ་བཏང་ཐར་པ་རྒྱལ་མཚན་དང་འཇང་གྲྭ་སངས་རྒྱས་དཔལ་བཟང་རྣམ་གཉིས་ལ།
༧ ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོ་ཉིད་ཀྱིས་བཀའ་ཡིས་བསྐུལ་མ་གནང་བ་ནང་བཞིན་ས་གནས་མ་ནོར་བར་ཕྱག་བཏབས་ཤིང་།
ཕྱིས་སུ་ ༧ བྱམས་མགོན་ཀཱན་ཏིང་ཏཱ་ཡི་སི་ཏུ་སྐུ་ཕྲེང་རིམ་བྱོན་གྱིས་བདག་སྐྱོངས་ལེགས་པར་ཐོབ་པའི་ཀརྨ་ཀཾ་ཚང་གི་དགོན་པ་ཞིག་ཡིན་ལ། དགོན་འདི་ནས་ཟབ་ལམ་ནཱ་རོ་ཆོས་དྲུག་ཉམས་སུ་བླངས་ཤིང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་རྟོགས་པ་མངོན་དུ་གྱུར་པའི། ༧ གྲུབ་ཆེན་ཀརྨ་གཞན་ཕན་ནོར་བུ་དང་མཆོག་སྤྲུལ་མགུལ་ལྷ་ལ་སོགས་པའི་དམ་པའི་སྐྱེས་ཆེན་མང་པོ་བྱོན་ཞིང་། ད་ལྟའང་དེ་ལྟར་སྒྲུབ་པ་ཉམས་ལེན་གཙོ་བོར་བྱེད་པའི་དགོན་པ་ཞིག་ཡིན་ནོ།།