ཉག་མཚོ་ཁ་ཨཱརྱ་གླིང་།

ཉག་མཚོ་ཁ་ཨཱརྱ་གླིང་ནི་གསེར་ལྡན་ཉག་ཆུ་དལ་གྱི་བབས་པའི་ནུབ་རྒྱུད་བོད་རབ་བྱུང་དྲུག་པའི་ནང་འཕགས་པ་ཀླུ་ཡིས་སྒྱུ་འཕྲུལ་ཐར་པ་རྒྱལ་མཚན་གྱི་ཀརྨ་པའི་སྲོལ་བརྒྱུད་འཛིན་པའི་དགོན་པ་ཞིག་བཏབ་ནས་མཚན་མཚོ་ཁ་ཨཱརྱ་གླིང་ཞེས་གསོལ། དེ་ཡང་ཏཱའི་སི་ཏུ་ཀརྨ་བསྟན་པའི་ཉིན་བྱེད་ཀྱི་མཚོ་ཁའི་གནས་ཡིག་ལས། ན་མོ་ཿཤྲྀ་གུ་རཱ་བེ། བོད་ཆེན་ཆུ་བཞི་སྒང་དྲུག་ཅེས་གྲགས་པའི། །གསེར་ལྡན་ཉག་ཆུ་དལ་གྱིས་འབབ་པའི་ངོགས། །འཆི་མེད་པདྨ་ཀ་རས་བྱིན་བརླབས་པའི། །སྦས་ཡུལ་ཆེན་པོ་པདྨའི་མཛོད་ལྟ་བུ། །འཕགས་པ་ཀླུ་ཡི་སྒྱུ་འཕྲུལ་ཐར་པ་བས། །དང་པོ་གཞི་བཟུང་གྲུབ་ཆེན་ཀརྨ་པས། །མཐོང་བ་དོན་ལྡན་མཆོག་གིས་བྱིན་གྱིས་བརླབས། །ཁྱད་པར་རྒྱལ་དབང་ཆོས་གྲགས་རྒྱ་མཚོའི་ཞབས། །ཡུན་རིང་བཞུགས་ཤིང་ནག་པོ་ཆེན་པོའི་སྐུ། །ཕྱག་གིས་བསྟར་ཞིང་ཆོས་འཁོར་རྒྱས་པར་མཛད། །དེ་ཕྱིར་འཕགས་པ་རྒྱ་མཚོའི་གླིང་གྱུར་པས། །ཨཱརྱ་གླིང་ཞེས་གྲགས་དེར་གུས་པས་འདུད། །ཅེས་སོགས་ལོ་རྒྱུས་མང་ཡང་མདོ་ཙམ་དེ་ལྟར་ལགས།