དགེ་མནོག་དགོན།

དགེ་མནོག་དགོན་ཀརྨ་དངོས་གྲུབ་གླིང་ནི་རི་མགོ་བ་རཏྣ་བྷ་དྲ་ཁམས་སུ་བྱོན་ཁར་ཀརྨ་རང་བྱུང་རྡོ་རྗེའི་ལུང་བསྟན་ལ། དངུལ་ཆུ་དལ་འཇམ་འབབ་པའི་གཡོན་གྱི་ཟུར།། ཚ་བ་སྒང་གི་ཉེ་བའི་ས་ཕྱོགས་སུ།། རྒྱ་སྟག་དམར་པོ་གནམ་ལ་མཆོང་འདྲའི་ངོགས།། བུ་མཆོག་ཁྱེད་ཀྱིས་གདན་ས་དེ་རུ་ཐོབས།། ཞེས་གསུངས་ནས་ཐུབ་སྐུ་ལི་མ་མདའ་ཚད་ཙམ་ཞིག་རྟེན་གྱི་ཚུལ་དུ་གནང་། རི་མགོ་བ་ཡུལ་དེར་ཕེབས་སྐབས་གྲོ་ཚུགས་མཛད་ནས་བྱོན་རྩིས་མཛད་པས། ཐུབ་སྐུས་གསུང་བྱོན་ནས་ང་འདིར་སྡོད་ཆུག་གསུངས། དེའི་རྗེས་ས་མིང་གཏམ་ཆུ་ཁར་ཐོགས། རི་མགོ་བས་སྔོན་རང་བྱུང་རྡོ་རྗེའི་ལུང་དང་མཐུན་པར་དགོངས་ནས་། ཟངས་མདོག་དཔལ་རིའི་གཡས་ཟུར་རིན་ཆེན་སྤུངས་པའི་མདུན་ངོས་ས་དཔྱད་ཕུན་སུམ་ཚོགས་པའི་གནས་དེར་སྤྱི་ལོ་༡༣༢༠ལོར་གདན་ས་ཐོག་མར་ཕྱག་བཏབ་།