ཤོར་ཕུ་དགོན།

ཤོར་ཕུ་དགོན་གྱི་ལོ་རྒྱུས་བསྡུས་པ།

ཤོར་ཕུ་དགོན་མདོ་སྔགས་བཀྲ་ཤིས་ཆོས་གླིང་ནི་ཁམས་ནང་ཆེན་སྐྱོ་བྲག་ཤོག་ཀའི་མངའ་ཁོངས་སུ་ཡོད་ཅིང་སྒོམ་སྡེ་རི་ཁག་བཅོ་བརྒྱད་ཀྱི་ནང་ཚན་ལོ་ངོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་ཤོར་ཕུ་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་སྒྲུབ་བརྒྱུད་འབའ་རོམ་པའི་ཆོས་སྡེ་ལོ་རྒྱུས་རིང་ཤོས་ཅན་ཞིག་ཡིན།

༼ཕྱག་འདེབས་མཁན་དང་སྤྱི་ལོ། ༽

དབོན་ཤེས་རབ་རིན་ཆེན་གྱིས་སྤྱི་ལོ་1231ལོ་ཡས་མས་ནང་ཆེན་རྫོང་གི་ནུབ་ཕྱོགས་ཤོར་མདའ་ལུང་པའི་ཕུ། ཤོར་ཕུ་རྩེ་རུ་ཐོག་མར་ཕྱག་བཏབ།


༼མིང་ཐོགས་ཚུལ། ༽

རྗེ་དེ་ཉིད་ཀྱིས་གྲུ་གུ་སོགས་གཞི་བདག་མང་པོ་དམ་ལ་བཏགས་ནས་ཤོར་ཕུ་རི་པ་ནང་ཀ་ཡེ་གྲུ་གུ་སོགས་སུ་གཅིག་རི་ལོ་མང་པོར་མཛད། དེའི་ཚུན་ནས་དགོན་པ་འདི་ཉིད་ལ་ཤོར་ཕུ་པ་ཞེས་པའི་མཚན་དུ་གྲགས། འགྲེལ་ཚུལ་གཞན་ཡང་ཡོད།
ད་ལྟའི་ཆགས་ཡུལ། སྐྱོ་བྲག་ཞང་ནགས་སོག་གཉིས་རུ་ཆེན་གྱི་ཁོངས་གཏོགས་སྒེས་ཟོ་རི་བོའི་འདབས་དང་སྨན་མཆོག་རི་བོའི་རྒྱུད་གཉིས་ལ་ཡར་དགོན་མར་དགོན་བྱས་ནས་ཆགས་ཡོད།