སྟོད་མངའ་རིས་དགེ་རྒྱས་བཀྲ་ཤིས་ཆོས་གླིང་དགོན།

དགེ་རྒྱས་བཀྲ་ཤིས་ཆོས་གླིང་དགོན་ནི་༧རྒྱལ་དབང་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེས་དངོས་སློབ་བརྒྱད་ཀྱི་ནང་ནས་ཚེ་མཚམས་པ་གྲུབ་ཆེན་ཀུན་དགའ་བཀྲ་ཤིས་ཀྱི་ ༡༨༩༤ ལོར་ཕྱག་བཏབས་ཆོས་རྒྱུད་ཀརྨ་ཀམ་ཚང་ཡིན། བོད་ལྗོངས་མངའ་རིས་དགེ་རྒྱས་རྫོང་ཚྭ་ཁ་ཤང་གི་ལྷོ་ཕྱོགས་མེ་ལི་ལྔ་ཡི་མཚམས་ན་ཆག་ཡོད་།