གསེར་ཕུག་སྒོམ་གྲྭ།

ནང་ཆེན་སྐྱོ་བྲག་ཆབ་བསྟི་གསེར་ཕུག་སྒོམ་གྲྭ་ནི། ཆོས་རྒྱུད་འབའ་རོམ་བཀའ་བརྒྱུད་ཡིན་ལ་སྐྱོ་བྲག་ཆོས་རྗེ་བསོད་ནམས་བཟང་པོ་ཡབ་སྲས་ཀྱི་སྒྲུབ་གནས་གཙོ་བོ་ཞིག་ཡིན་ལ་ དེ་ནས་རིམ་པ་བཞིན་བརྒྱུད་དེ་ཀརྨ་བཀའ་བརྒྱུད་བཀྲ་ཤིས་ཡབ་སྲས་སློབ་བརྒྱུད་སོགས་ད་ལྟའི་བར་དུ་ཟམ་མ་ཆད་པར་བྱུང་བ་དང་། ད་ལྟ་ཡང་གྲུབ་དབང་རས་པ་ཚུལ་ཁྲིམས་མཐར་ཕྱིན་མཆོག་གིས་སྒྲུབ་གནས་གཙོ་བོ་ཡིན་པ་མ་ཟད་སློབ་ཚོགས་སྐྱོང་བཞིན་པ་འདི་ཀའོ། འོན་ཀྱང་སྒྲུབ་གནས་འདི་ནི་འབའ་རོམ་བཀའ་བརྒྱུད་ཀྱི་བླ་རྒྱུད་རིམ་བྱོན་རྣམས་ཀྱི་སྒྲུབ་གནས་གཙོ་བོ་ཞིག་གོ།

ད་ལྟ་ནི། རྩེ་ལ་རི་ཁྲོད་བདེ་ཆེན་ལྷུན་གྲུབ་གླིང་། སྙན་བརྒྱུད་སྒྲུབ་ཁང་འོད་གསལ་མཐོང་གྲོལ་གླིང་། ཀརྨའི་སྙིང་ཐིག་སྒྲུབ་སྡེའི་ཀུན་བཟང་རང་གྲོལ་གླིང་།

གཞུང་ལ་སྒོམ་གྲྭ་སྨིན་གྲོལ་བདེ་ཆེན་མཁའ་འགྲོ་དགའ་ཚལ་གླིང་། སྨྱུང་གནས་རྒྱུན་བཞུགས་འགྲོ་དོན་མཁའ་ཁྱབ་གླིང་། སྒྲུབ་སྡེ་ཤར་རྡོ་རྗེ་རང་གྲོལ་གླིང་། ལྷོ་རིན་ཆེན་རྣམ་རྒྱལ་གླིང་། ནུབ་པདྨ་ཤེས་རབ་གླིང་། བྱང་ཕྲིན་ལས་རབ་རྒྱས་གླིང་། དབུས་ཆོས་དབྱིངས་འོད་གསལ་གླིང་། སོགས་ལ་ཇོ་སེར་བརྒྱ་ཕྲག་ཟུང་ལ་ཉེ་བར་བཞུགས་སོ།།

This image has an empty alt attribute; its file name is img_5757-5.jpg
This image has an empty alt attribute; its file name is img_5757-6.jpg
This image has an empty alt attribute; its file name is img_5757-7.jpg
This image has an empty alt attribute; its file name is img_5757-8.jpg

This image has an empty alt attribute; its file name is img_5757-9.jpg