ཕག་གྲུའི་གདུང་འབུམ་བཀའ་བཞི་བསམ་གཏན་གླིང་།

བཀའ་བརྒྱུད་སྟོང་གི་ཆུ་མགོ་འགྲོ་མགོན་ཕག་མོ་གྲུ་པ་བདེ་གཤེགས་རྡོ་རྗེ་རྒྱལ་པོ་དང་། གསང་ཆེན་བསྟན་པའི་ཤིང་རྟ་པ་ཆེན་པོ་ཀཿདམ་པ་བདེ་གཤེགས་ཤེས་རབ་སེང་གེ་སྐུ་མཆེད་ཟུང་གི་འཁྲུངས་གཞིས་སུ་ ༧བྱམས་མགོན་རྡོ་རྗེ་འཆང་ཆེན་པོ་སི་ཏུ་པདྨ་དོན་ཡོད་མཆོག་གི་བཀའ་ཕེབས་བཞིན་དཔལ་སྤུངས་སྒྲུབ་དཔོན་བླ་མ་དམ་ཆོས་ཀྱིས་བཞེངས་པའི་ཕག་གྲུའི་གདུང་འབུམ་བཀའ་བཞི་བསམ་གཏན་གླིང་། སྔོན་འདིར་དཔལ་སྤུངས་ཙཱ་འདྲ་སྒྲུབ་དཔོན་བླ་མ་དམ་ཆོས་ཀྱིས་ནི་གུ་ཆོས་དྲུག་གི་སྒྲུབ་ཁང་བཙུགས་ཤིང་སྒྲུབ་ཐེངས་གཅིག་གྲོལ་བ་དང་། ད་ལྟ་དཔལ་སྤུངས་གདན་ས་ནས་བཏང་བའི་བླ་བསྐོས་དང་མཚམས་པ་དག་གིས་ཚེས་དུས་སྒྲུབ་མཆོད་དང་ཉམས་བཞེས་མཛད་ཀྱིན་ཡོད་ལ། ཡུལ་མིས་ཀྱང་འཁྲིས་སུ་གྲྭ་ཁང་མང་པོ་བཞེངས་དང་བཞེངས་བཞིན་པ་ལགས། དེང་དུས་གནས་ཡུལ་སྡེ་དགེ་རྫོང་དཔེ་ཝར་འབེས་མོ་གྲོང་ཚོ།