མཚན་ཉིད་དགོན།

དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་རིང་ལུགས་འཛིན་པ་མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་ནི། བོད་མདོ་ཁམས་ཆབ་མདོ་རྫ་རྒྱུད་གྱིང་ཐང་གི་ཕུར་༸རྒྱལ་བ་མདོ་ཁམས་པ་ཆེན་པོ་ཁམས་སྤྲུལ་སྐྲུ་ཕྲེང་བཞི་པ་བསྟན་འཛིན་ཆོས་ཀྱི་ཉི་མ་མཆོག་གིས་གདན་ས་འདི་ཉིད་ཕྱག་བཏབ། ཐོག་མར་མཚན་ཉིད་ཀྱི་གཞུང་ཆེན་སློབ་གཉེར་གནང་སའི་བཤད་པའི་གྲྭ་བཙུགས་པ་ལས་དགོན་པའི་མཚན་ཡང་མཚན་ཉིད་དགོན་ཞེས་གྲགས།