སྤོམ་བྲག་དགོན།

སྤོམ་བྲག་དགོན་བཤད་བསྒྲུབ་འོད་འབར་གླིང་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་གསེས་འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་འབྲི་ཆུ་སྔོན་མོ་དལ་གྱི་འབབ་པའི་གཡས་སུ། འཇོ་མདའ་རྫོང་དབོན་པོ་སྟོད་ཤང་། འབྲི་རྒྱུད་དབོན་སྟོད་ས་ཁུར་དུ་ཆགས་ཡོད།
ཀརྨ་བཀའ་བརྒྱུད་པའི་དགོན་སྡེ་ཞིག་ཡིན།
སྤྱི་ལོ་༡༢༠༠ཡན་མན་ཙམ་ཞིག་རྒྱལ་སྲས་སྤོམ་བྲག་པ་བསོད་ནམས་་རྡོ་རྗེས་ཕྱག་བཏབ། རིག་གསར་སྐབས་གྱང་རལ་དུ་གྱུར། ཡང་དར་སྐབས་འདིར་སྤོམ་བྲག་དགོན་གྱི་བླ་གྲྭ་ཡོངས་ཀྱིས་ཉམས་གསོ་མཛད་པས་ད་ལྟའི་ཆ་དགོན་འདིར་ནཱ་རོ་སྒྲུབ་ཁང་དང་། བཤད་གྲྭ་ཡིག་གྲྭ་བཅས་ཡོད་པའི་ཆོས་སྡེ་ཞིག་ཏུ་གྱུར་ཡོད། མཐོང་བ་བརྒྱུད་པའི་ཕྱག་ལེན་ཀུན་དཔལ་སྤུངས་ནང་བཞིན་མཛད་ཀྱི་ཡོད།