དཔལ་གཡུ་འབྲུག་བྱང་ཆུབ་ཆོས་འཁོར་གླིང་།

དཔལ་གཡུ་འབྲུག་བྱང་ཆུབ་ཆོས་འཁོར་གླིང་ནི། ཁམས་ཀརྨ་བསྟན་འཕེལ་གྱི་དངོས་སློབ་རྒྱ་མཚོ་ རྣམ་དགུའི་ཡ་གྱལ་འབྲུག་པ་ངག་དབང་སྒྲུབ་བརྒྱུད་ རྒྱ་མཚོས་ཕྱི་ལོ་དུས་རབས་བཅུ་དྲུག་པའི་ནང་དུ་ཕྱག་བཏབ། ཐོག་མར་ཕྱག་འདེབས་དུས་དགེ་འདུན་གནས་བརྟན་བཅུ་དྲུག་གི་ཞལ་གྲངས་འཛོམས་ནས་རྟེན་འབྲེལ་ལེགས་སུ་འགྲིགས། མཚན་ལ་བཅུ་དྲུག་གྲྭ་ཚང་སུ་ཡང་གྲགས། ད་ལྟ་ས་གནས་ཁམས་ལྷ་ཐོག་གི་སའི་ཆར་གཏོགས་སྟག་ལུང་པདྨའི་ཚལ་གྱི་ཡར་སྟོད་ཡི་དམ་རྡོ་རྗེ་ཕག་མོའི་སྐུ་ཡི་གནས་མཆོག་ཏུ་གྲགས་པའི་གནས་ཆེན་པདྨ་ཤེལ་རྫོང་གི་ཞོལ། དཀར་ཙུག་གནོད་སྦྱིན་སྡེ་ལྔའི་མདུན་ཉམས་དགའ་ལ་ས་ལ་སྲུང་བཞི་ཚང་བའི་གནས་ལ་གྲྭ་ཚང་གི་ལྷ་ཁང་དང་། སྒྲུབ་ཁང་། གྲྭ་ཤག བླ་སློབ་ཚང་འཛོམས་སུ་བཞུགས་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།