སྐྱ་བོ་བདེ་ཆེན་ཞིང་སྒྲུབ་གླིང་གི་དགོན་པ།

༄༅། །སྐྱ་བོ་བདེ་ཆེན་ཞིང་སྒྲུབ་གླིང་གི་དགོན་པ། ཆོས་བརྒྱུད་ཀརྨ་ཀཾ་ཚང་། ཆགས་ཡུལ་སྟོད་མངའ་རིས་དགེ་རྒྱས་རྫོང་གཞུང་པ་རུ་ཁག་བཞི་པའི་སར་ཆགས་ཡོད། སྤྱི་ལོ༡༩༥༠་ཡན་མན་ནང་བླ་མ་དགེ་སློང་ཚེ་མགོན་ཞེས་མཁས་སྒྲུབ་གཉིས་ལྡན་གྱི་བླ་མ་ཞིག་གིས་སྒྲུག་གནས་མཛད། ཕྱིས་སུ་སྤྱི་ལོ་༡༩༩༠ནང་ལ་བླ་མ་ཀརྨ་སྟོབས་རྒྱལ་གྱི་སླར་ཡང་ཉམས་གསོ་འམ་ཕྱག་བཏབ་པའོ། ད་ལྟའི་ཆར་བླ་མ་ཀརྨ་ཀུན་དགའ་གཙོས་པའི་ཁོང་གི་སློབ་རྒྱུད་རྣམས་ཀྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་གནས་སོ། །