ཟུར་མང་ཁྲ་ཆུང་དགེ་དགོན།

ཟུར་མང་ཁྲ་ཆུང་དགེ་དགོན། ཟུར་མང་བདུད་རྩི་འཁྱིལ་དགོན་ནས་བྱང་ཕྱོགས་སུ་ལེ་བར་གསུམ་གྱི་མཚམས་སུ་ཁྲ་ཆུང་ནང་ཞེས་པའི་ལུང་པའི་སྐེད་དུ་ཟུར་མང་རོལ་རྡོལ་ལྔ་པ་ཀརྨ་དྲི་མེད་འོད་ཟེར་གྱིས་རབ་བྱུང་བཅུ་དྲུག་པའི་ནང་ནས་ཕྱག་བཏབ་ཅིང་། རྒྱུན་བཞུགས་ཀྱི་ཨ་ནེ་མང་ཙམ་བྱུང་ནས་བཤད་སྒྲུབ་ཀྱི་འཆད་ཉན་མི་དམན་པ་ཞིག་དར་མྱོང་། ཕྱིས་རིག་གསར་སྐབས་བསྟན་པ་སྤྱི་མཚུངས་ལྟར་ཉམས་ཆགས་སུ་སོང་། སླར་གསོའི་སྐབས་དྲུང་བཅུ་གཉིས་པ་ཀརྨ་ཆོས་ཀྱི་སེང་གེ་དང་། ཆེ་ཚང་བཅུ་གཅིག་པ་ཀུན་བཟང་འཆི་མེད་འགྲོ་འདུལ་ཕྲིན་ལས་ཀུན་ཁྱབ། མཁན་ཆེན་ཚེ་རིང་འགྱུར་མེད་གཙོས་དགོན་གྲྭ་ཚང་རྣམས་ཀྱི་བཀའ་གྲོས་འོག་ནས་མཁན་ཚེ་རིང་འགྱུར་མེད་དང་། ཆོས་རྒྱམ་དྲུང་པའི་དངོས་སློབ་མཐའ་ཡས་ཆོས་འཕེལ་ནས་ཕྱི་ནང་གི་སྦྱིན་བདག་གནང་སྟེ་མཚོ་ཀེ་མདོའི་རྒྱབ་རི་ཀྱེ་ལ་སེང་ཁྲམ་རྡོ་རྗེའི་མགུལ་སྐྱེ་ལུ་ཁ་ལ་སྤོས་ནས་ཆགས་ཡོད།