མདོ་གཞུང་དགོན་སར་དགོན།

མདོ་གཞུང་དགོན་སར་དགོན་པ་ནི་བོད་ལྗོང་ཞིང་ཆེན། ཆབ་མདོ་ཁུལ་འཇོ་མདའ་རྫོང་ཐོག་ནས་ལེ་དབར་༧༦མཚམས་སུ་ཆགས་ཡོད།
དགོན་པ་འདི་ཡང་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་ཙམ་ནས་གྲུབ་པར་གསལ་ལ། བཀའ་བརྒྱུད་པའི་དགོན་པ་ཞིག་ལས་ཀརྨ་བཀའ་བརྒྱུད་པའི་ཁོངས་སུ་གཏོགས་པ་ཞིག་གོ ། ༡༩༥༩ལོའི་གོད་ཆགས་དེའི་འོག་ནས་ཉམས་རྒུད་སོང་ཡང་ཕྱིས་སྒྲུབ་ཁང་གསར་བཞེངས་ནི་སྤྱི་ལོ་ ༡༩༨༦ ལོར་གྲུབ་ཆེན་ཀརྨ་ནོར་བུའི་དངོས་སློབ་བླ་མ་རིན་པོ་ཆེ་ཀརྨ་ཚེ་དཔག་མཆོག་གིས་ཉམས་གསོར་མཛད། ད་ལྟ་སྒྲུབ་རེས་བཅུ་གཅིག་སོང་། སྒྲུབ་གྲྭ་དངོས་སུ་དབུ་བཙུགས་ནས་མི་ལོ་ཧྲིལ་པོ་༣༥འདས་ཟིན། ད་ལྟ་མཆོག་སྤྲུལ་ཆོས་ཀྱི་སེངྒེས་སྒྲུབ་གྲྭ་འདི་ཉིད་རྒྱལ་བ་བཀའ་བརྒྱུད་པའི་ཕྱག་ཆེན་ཆོས་དྲུག་སོགས་ཀྱི་སྲོལ་དྲི་མ་མེད་པ་དག་ཚུལ་བཞིན་དུ་སྐྱོང་བཞིན་མཆིས། ད་དུང་བླ་མ་རིན་པོ་ཆེ་ཀརྨ་ཚེ་དཔག་མཆོག་གི་བུ་ཆེན་དག་གིས་རི་ཁྲོད་སྒྲུབ་གནས་དགོན་པའི་ཤར་ལྷོ་ནུབ་བྱང་ཕྱོགས་དང་ཕྱོགས་འཚམས་ལ་རྒྱལ་བ་གོང་མ་རྣམས་ཀྱི་རྗེས་སུ་སློབ་བཞིན་ཡོད།

སྤྲེའུ་རེ་སྒུག་ནས།