རྡོ་སྨད་རྟག་བརྟན་དམ་ཆོས་གླིང་།

རྡོ་སྨད་རྟག་བརྟན་དམ་ཆོས་གླིང་ནི། ཕྱི་ལོ་༡༧༤༢བོད་རབ་བྱུང་བཅུ་གཉིས་པའི་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱི་ལོའི་རྒྱལ་ཉའི་ཚེས་བཅུ་དྲུག་ཉིན་༧མ་ཧཱ་པཎྜི་ཏ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་ཕྱག་བཏབ། མཚན་རྟག་བརྟན་དམ་ཆོས་གླིང་ཞེས་གསོལ། ས་གནས། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫང་གི་ཉེ་འགྲམ་དུ་ཆགས་ཡོད། ཚུལ་ཇི་ལྟར་བཏབ་ཞེ་ན། རྡོ་སྨད་དཔོན་མགོན་པོ་ལྷུན་གྲུབ་ཀྱིས་གདན་ཞུས་མཛད་ནས་སྡེ་དགོན་མ་ལག་དང་བཅས་པ་སི་ཏུར་ཕུལ་ནས་བཏབ་བོ།། ད་ལྟ་བཤད་སྒྲུབ་ལས་གསུམ་གྱི་བྱ་བར་འབད་བརྩོན་བྱས་དང་བྱེད་བཞིན་པ་ལགས་སོ།།