རྫོགས་ཅམ་དགོན།

ནང་ཆེན་སྤྱི་ཆུར་ཡོད་པའི་རྫོགས་ཅམ་དགོན་བཀྲ་ཤིས་ཆོས་འཁོར་གླིང་འདི་ཐོག་མར་འདེབས་པ་པོ་རྒྱལ་དབང་ཀརྨ་པ་ཐིག་མཆོག་རྡོ་རྗེ་དང། མཁན་ཆེན་ཟླ་བ་བཟང་པོ་ཟུང་གི་སློབ་མ་ལྷ་བུ་བསོད་དབང་མཆོག་གིས་སྤྱི་ལོ་1800ལོར་ཐོག་མར་ཕྱག་བཏབས་ནས་བཟུང་ཀཾ་ཚང་གཞུང་མའི་ལུགས་ལྟར་རྒྱུན་སྐྱོང་གནང་ནས་སྤྲུལ་རྒྱུད་རིམ་པར་བྱོན། ཟླ་སྤྲུལ་ངེས་དོན་ཆོས་ཀྱི་རྒྱལ་མཚན་གྱི་ངོས་འཛིན་གནང་བའི་རྫོགས་ཅམ་སྐུ་ཕྲེང་གསུམ་པ་ཀརྨ་བསོད་ནམས་ཚུལ་ཁྲིམས་རབས་རྒྱས་གཆོག་གིས་རྒྱལ་བསྟན་ཡང་དར་སྐབས་བསྟན་པ་ཉམས་གསོ་ལེགས་པར་གྲུབ་སྟེ། ད་ལྟ་དཀའ་བརྒྱུད་ཀཾ་ཚང་གི་བཤད་སྒྲུབ་ཉམས་བཞེས་འཛིན་སྐྱོངས་སྤེལ་གསུམ་ཡང་དག་པར་གནང་བཞིན་པའོ།།