སེར་རྩ་དགོན།

སེར་རྩ་དགོན་ཐུབ་བསྟན་དར་རྒྱས་གླིང་ནི་ཡུལ་ཤུལ་རྫ་སྟོད་དགེ་རྒྱལ་དུ་ཆགས་ཡོད། དེའང་རབ་བྱུང་བཅུ་གཅིག་པའི་ཤིང་སྤྲེལ་ཏེ་སྤྱི་ལོ་1644ལོར་སེར་རྩའི་ཕུག་ཆེ་མར་གསེར་རྩའི་ཁྱུང་གྲགས་རྡོ་རྗེའི་སྔགས་དགོན་ཞིག་བཏབ་པར་གྲགས། ཁོང་ནི་ཀཿ་ཐོག་པའི་བརྒྱུད་འཛིན་ཡིན་སྔགས་པ་ནུས་ལྡན་དུ་མ་རིམ་པར་བྱོན་བར་སྐབས་སུ་བསྟན་པ་འཕེལ་འགྲིབ་མང་པོ་བྱུང་མཐར། སྤྱི་ལོ1734་ལོ་ནང་ཆེན་ཆིང་ཧུ་རྒྱལ་པོ་རྡོ་རྗེ་ཚེ་དབང་ནས་བཀའ་ལུང་གནང་ནས་དགོན་གནས་གསར་སྤོ་བྱས། ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་སི་ཏུ་ཆོས་འབྱུང་ཟུང་ལ་ཞུ་བ་ཕུལ་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གནང་། སྔགས་དགོན་གྲྭ་དགོན་དུ་གྱུར་དེ་ནས་བཟུང་ཀརྨ་བཀའ་བརྒྱུད་པའི་རིང་ལུགས་འཛིན་པར་གྱུར། དུས་འགྱུར་ཆེན་པོའི་སྐབས་གཏོར་བརླགས་བྱས། དེང་སང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་བདག་རྐྱེན་ལས་སྒྲུབ་སྡེ་དང་། སྒྲུབ་མཆོད་མང་པོ་བཅས་ཀརྨ་ཀཾ་ཚང་ཕྱག་བཞེས་བསྐྱར་གསོ་ཡང་དག་པར་གྲུབ་ཡོད།