ཟུར་བཤམ་དགོན།

ཟུར་ལྕམ་མམ་ཟུར་བཤམ་དགོན་ནི་མདོ་སྟོད་རྒྱ་སྟོན་ལྡིང་དགུའི་ཡ་གྱལ་ལྕགས་ལྡིང་མངའ་ཁོངས་ཏེ་དང་ཐོག་ལྷ་ཁང་སྟེང་བྱ་བའི་ས་ཆར་དྲུང་དཔལ་གྲུབ་བཟང་པོས་ཕྱག་བཏབ་གནང་བ་དང་། ཕྱིས་སུ་དགོན་འདི་མེ་ཡིས་འཇིགས་ཏེ། མིང་གི་ལྷག་མ་ཙམ་དུ་གྱུར་རྗེས་ཀུན་མཁྱེན་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་དངོས་སློབ་རྒྱ་སྟོན་ཆོས་རྗེའི་སྐུ་སྐྱེ་བྱ་བྲལ་བ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོས་བོད་རབ་བྱུང་བརྒྱད་པའི་ས་ལུག་སྟེ་ཕྱི་ལོ་༡༤༩༩ལོར་གནས་སྤོས་བསྐྱར་བཞེངས་མཛད་ཅིང་དེ་ནས་བཟུང་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་གཙོ་བོར་འཛིན། རིག་གསར་སྐབས་བྱིངས་ལྟར་དགོན་འདི་ཡང་གཏོར་སྐྱོན་ཚབས་ཆེན་ཐེབས་ཏེ་མིང་གི་ལྷག་མ་ཙམ་དུ་གྱུར་པ་དང་ཕྱིས་ཆོས་རིག་བསྐྱར་དར་སྐབས་རང་དགོན་ལྷ་སྡེས་རེ་བ་ལྟར་རྒྱལ་ཁབ་ཀྱིས་ཆོག་མཆན་དང་རོགས་སྐྱོར་ཐོབ་སྟེ་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་སྤྲེལ་ཟླ་ར་བའི་ཡར་ཚེས་ནས་བཟུང་ཚངས་སར་གདུང་འཛིན་པ་གཏེར་སྲས་ཡེ་ཤེས་རྡོ་རྗེ་ཡབ་སྲས་ཀྱིས་བདག་རྐྱེན་ལ་བརྟེན་ནས་དད་ལྡན་མི་དམངས་རྣམས་ཀྱིས་དེ་སྔོན་གྱི་གདན་ས་རུ་འདུ་ཁང་དང་བྱམས་ཁང་དེ་བཞིན་སྒྲུབ་གྲྭ་དང་གྲྭ་ཤག་སོགས་བསྐྱར་བཞེངས་ལེགས་པར་གྲུབ་ནས།  ཆོས་བརྒྱུད་ནི་ཀརྨ་བཀའ་བརྒྱུད་ཡིན། དགོན་འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་མོ་ཤང་གནས་བཞི་གྲོང་སྡེའི་མངའ་ཁོངས་སུ་གནས། དགོན་འདིར་རྫོང་དང་བར་ཐག་སྤྱི་ལེ་༢༥༦ཙམ་ཡོད་ལ་༢༠༡༧ལོར་ལྗོངས་རིམ་པའི་རིག་དངོས་སྡེ་ཚན་གྱི་ཁོངས་སུ་ཁྱབ་བསྒྲགས་བྱས།