ཤང་ཀླུ་ཁང་དགོན།

༄༅། །ཤང་ཀླུ་ཁང་བདེ་ཆེན་ཆོས་འཁོར་གླིང་གི་དགོན་པ། སྟོད་མངའ་རིས་དགེ་རྒྱས་རྫོང་གཞུང་པ་རུ་ཁག་དང་པོའི་སར་ཆགས། ཆོས་རྒྱུད་ཀརྨ་ཀཾ་ཚང་ཉམས་རྒུད་སྣ་ཚོགས་སུ་བྱུང་ཡང་ཕྱིས་སུ་སྒྲུབ་ཆེན་ཀརྨ་ནོར་བུ་བཟང་པོས་དངོས་སློབ་མ་བླ་མ་ཀརྨ་སྟོབས་རྒྱལ་གྱིས་སྤྱི་ལོ་༡༩༩༠་ལ་ཕྱག་བཏབ་ད་ལྟའི་ཆར་གཙོ་བོ་བླ་མ་ཀརྨ་སྟོབ་རྒྱལ་གྱི་སྲས་ཀྱི་ཐུ་བོ་བླ་མ་བཅོ་ལྔ་ཚེ་དབང་གཙོས་པས་སློབ་རྒྱུད་རྣམས་ཀྱིས་ཚོགས་གྲྭ་དང་ནཱ་རོ་ཆོས་དྲུག་གི་སྒྲུབ་སྡེ་བཅས་ཀྱི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད། གཞན་ཡང་དད་ལྡན་དམངས་ཚོགས་རྣམས་དང་ལྷན་དུ་ལོ་རེ་ནང་བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་ཨ་མི་དྷེ་ཝ་དང་མ་ཎི་བཛྲ་གུ་རུ་ཀར་མཁྱེན་བཅས་ཀྱི་དུང་སྒྲུབ་ཆེན་མོ་ཚོགས་བཞིན་གནས་སོ།།