གནས་མདོ་བཟོ་རིག་དགོན།

འབང་གནས་མདོ་བཟོ་རིག་དགོན་གསང་སྔགས་ཆོས་འཕེལ་གླིང་ནི། ཀརྨ་བློ་བཟང་གིས་རབ་བྱུང༡༡པའི་ཆུ་བྱི་སྟེ་ཕྱི་ལོ་༡༦༧༢ལོར་མཚོ་སྔོན་ཡུལ་ཤུལ་ནང་ཆེན་སྤྲེལ་ཚྭ་ཞང་ཉེ་ལོགས་དེར་འབང་བཟོ་རིག་ཐང་དུ་དགོན་ས་བཏབ་པས་བཟོ་རིག་དགོན་ཞེས་ས་མིང་དགོན་ལ་ཐོགས་པ་ཡིན། མཚན་རྒྱས་པར་འབང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་ཞེས་ཀྱང་བྱ། ཆགས་མེད་ཀྱི་གདན་ས་གཉིས་པ་དང་གནམ་ཆོས་མི་འགྱུར་རྡོ་རྗེའི་གདན་ས་དང་པོ་ཞེས་གནས་མདོའི་བརྒྱུད་འཛིན་གྱི་དགོན་པ་ཞིག །བསྟན་པ་ཡང་དར་སྐབས་སུ་དགོན་འདིར་བླ་མ་དང་གྲྭ་བཙུན་ཁག་གིས་བགྲང་བྱ་བཅུ་དགུའི་རིང་བོད་ཀྱི་ཡུལ་གྲུ་རྫོང་ཁག་༢༥ལྷག། དགོན་སྡེ་ཆེ་ཕྲ་༢༦༠དུད་ཁྱིམ་༡༥༠༠ཡར་མར་རྒྱ་ཕྱི་ནང་ཀུན་ནས་མཁས་གྲུབ་ཀརྨ་ཆགས་མེད་གསུང་འབུམ་ངོ་མཚར་ནོར་བུ་བང་མཛོད་ཅེས་མ་དཔེ་འཚོལ་བསྡུ་དང་པར་བསྐྲུན་ཐུབ་པ་ལ་པོད་དྲུག་ཅུ་ཡོད་པ་ནི་གནས་མདོའི་མིང་དོན་དང་ལྡན་ཞེས་ཀུན་གྱིས་མངོན་པར་བསྟོད་དོ།