ཞིང་གོང་བཀྲ་ཤིས་ཆོས་གླིང་།

ཞིང་གོང་བཀྲ་ཤིས་ཆོས་གླིང་དགོན་ནི། ལོ་རྒྱུས་ཐོག་མར་1654ལོ་ལ་གྲུབ་ཆེན་ལས་རབས་རྡོ་རྗེས་ཕྱག་བཏབ་པའི་དགོན་པ་ཡིན། ཆོས་ལུགས་གྲུབ་མཐའ་ནི་དོན་རྒྱུད་དཔལ་ལྡན་འབྲུག་པ་ཡིན། སྐུ་རྟེན་ནི་སྟོན་པ་གཙོ་འཁོར་དང་གུ་རུ་གཙོ་འཁོར་བཅས་ཡིན། གསུང་རྟེན་ནི་བཀའ་འགྱུར་དང་བསྟན་འགྱུར་བཅས། ཐུགས་རྟེན་ནི་བཀའ་དམ་མཆོད་རྟེན་དང་རྣམ་རྒྱལ་མཆོད་རྟེན་བཅས་ཡིན། དེ་ནས་བླ་རིངས་བཅུ་ཙམ་དང་བཅུ་གཅིག་ཡན་མིན་ནས་དུས་འགྱུར་ཆེན་པོར་བྱུང་རེད། དེང་སང་གི་དགོན་པ་ནི་1971ཙམ་ལ་ཁམས་དོན་རྒྱུད་ཉི་མ་དངོས་སློབ་བླ་མ་ལེགས་བཤད་ཉི་མ་ནས་ཆོས་དད་རང་མོས་ཀྱིས་ལམ་ནས་དགོན་པ་ཉམས་བསོ་བྱེད་པ་རེད་འདུག །