གསང་སྔགས་ཕོ་བྲང་།

ཁྲོ་ཆུ་ཀ་བ་གསང་སྔགས་ཕོ་བྲང་གི་ལོ་རྒྱུས་སྙིང་བསྡུས་ནི།

ཁྲོ་ཆུ་ཀ་བ་གསང་སྔགས་ཕོ་བྲང་ནི། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ། ཁྲོ་ཆུ་རྫོང་མུ་སུའུ་ཤང་། ཀ་བ་ཡུལ་མཚོའི་ཨར་རྣ་གཞི་བདག་གི་རི་མགོ་ལ་ཆགས་ཡོད། གནའ་སྔ་མོ་ཁྲོ་ཆུ་རྒྱལ་བློན་འབངས་དང་བཅས་པའི་ཡུལ་ལྷ་གསོལ་ཞིང་ལྷ་བསངས་གཏོང་ནས་ལོ་རེ་བཞིན་མཛད་སྒོ་གནང་བའི་ཕྱག་སྲོལ་ཡོད་ཅིང་མི་དམངས་ཀྱི་སེམས་ཁམས་ལ་ཧ་ཅང་རྩ་ཆེན་བརྩི་བའི་ས་གནས་ཤིག་ཡིན། ཕྱིས་སུ་ཤུ་བྷཾ་དགོན་གྱི་བླ་མ་བསྟན་པས་འཛིན་སྐྱོང་མཛད། དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེས་ ཕྱི་ལོ་ 2009 ལོར་ཕྱི་ཟླ་ 7 པའི་་1 ཉིན་གསང་སྔགས་ཕོ་བྲང་ཞེས་པའི་མཚན་གསོལ་བའི་ཁྲོ་ཆུ་ཁུལ་གྱི་དགོན་པ་ཞིག་ཡིན་ནོ།།