གསང་ཆེན་ལྷ་ལུང་འབྲི་རྭ་དགོན་པ།

གསང་ཆེན་ལྷ་ལུང་འབྲི་རྭ་དགོན་པ་ཞེས་པའི་འབྲི་རྭ་ཕུག་ནི་ཡུལ་མིང་ཡིན་ཞིང་། འབྲི་རྭ་ཕུག་ཅེས་པ་ནི་གངས་ཏི་སེའི་གནས་སྒོ་ཐོག་མར་འབྱེད་མཁན་དང་འབྲི་རྭ་དགོན་ཕྱག་བཏབ་པ་པོ་རྒྱལ་བ་རྒོད་ཚངས་པ་མགོན་པོ་རྡོ་རྗེ་གངས་ཏི་སེར་ཞབས་སྐོར་དུ་ཕེབས་སྐབས་མཁའ་འགྲོ་སེང་གདོང་མས་སྐོར་ལམ་སྟེན་མཁན་འབྲོང་འབྲི་ཞིག་ཏུ་སྤྲུལ་ནས་ད་ལྟའི་རྒོད་ཚངས་པའི་སྒྲུབ་ཕུག་བྲག་ལ་ཐིམ་པས་འབྲི་ཐིམ་འབྲི་རྭ་ཕུག་ཅེས་སོ། །
མིང་གཞན་གསང་ཆེན་ལྷ་ལུང་འབྲི་རྭ་དགོན་ཞེས་འབོད། གསང་ཆེན་ལྷ་ལུང་འབྲི་རྭ་དགོན་པ་ནི་བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གཞུང་པ་ཤང་གི་ཁོངས་སུ་གཏོགས།
གསང་ཆེན་ལྷ་ལུང་འབྲི་རྭ་དགོན་པ་ནི་སྤྱི་ལོ་༡༢༨༤ གཡས་གཡོན་དུ་རྒྱལ་བ་རྒོད་ཚངས་པས་ཕྱག་བཏབ་པ་དང་རིག་གནས་གསར་བརྗེའི་སྐབས་དགོན་པ་དང་སྐུ་རྟེན་བཅས་པ་གཏོར་བཤིག་ཏུ་སོང་།སྤྱི་ལོ་༡༩༨༦ ལོར་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ཀྱི་གོ་སྐབས་བཟང་པོའི་འོག་འབྲི་རྭ་དགོན་པ་བསྐྱར་བཞེངས་མཛད།
འབྲི་རྭ་དགོན་པའི་ཆོས་ལུགས་གྲུབ་མཐའ་སྔོན་མ་འབྲུག་པ་བཀའ་རྒྱུད་ཡིན་པ་དང་ད་ལྟ་ཡེལ་བ་བཀའ་བརྒྱུད་ཡིན། སྤྱི་ལོ་༡༩༩༦ ལོ་འབྲི་བྱིའུ་མང་ཚོགས་ཀྱི་རེ་འདུན་དང་གདན་ས་མཚུར་ཕུ་དགོན་གྱི་༧སྒྲུབ་དཔོན་ཀརྨ་བདེ་ཆེན་དང་བྲག་སྐྱའི་བླ་མ་ཨ་ཆུང་རིན་པོ་ཆེའི་དང་དགོངས་གཞི་ལྟར་ ༡༩༩༦ ལོ་ལྷ་འུ་བླ་མ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་དང་།  བླ་མ་རྡོ་རྗེ་ཚེ་འགྲུབ་སྐུ་མཆེད་གཉིས་ཀྱིས་ཉམས་གསོ་ལེགས་པར་མཛད་པ་དང་།  བསྟན་པ་དང་དགེ་འདུན་པའི་སྡེ་རྣམས་འཛིན་སྐྱོང་གནང་བའི་ཡེལ་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཡིན།  གཞནཡང་བཤད་སྒྲུབ་ལས་གསུམ་བྱ་བ་དུས་གདའ་བཞིན་པ་བཅས་་པ་ལོ་རྒྱུས་སྙིང་བསྡུས་སུ།