རྫོང་ཤོད།

རྫོང་ཤོད་དགོན་པའི་ངོ་སྤྲོད་མདོ་བསྡུས།

༄༅། །རྫོང་ཤོད་དགོན་ནི་ཁམས་ཡུལ་སྡེ་དགེའི་ཤར་ཕྱོགས་དཔལ་ཡུལ་རྫོང་ཧོར་པོ་རག་ཁྱབ་ཤང་ལྷག་གྲོང་བརྡལ་སྡེ་བར་ཆགས་ཏེ། བཀའ་བརྒྱུད་རྒྱལ་བ་ཡབ་སྲས་བཞིའི་ཡ་གྱལ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་སྤྱི་ལོ་༡༨༧༧ ལོར་དགོན་གནས་ཐོག་མར་བཏབ། དེ་ནས་བཟུང་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་རིམ་བྱོན་དང་། རྫོང་ཤོད་སྤྲུལ་སྐུ་རྣམས་ཀྱིས་གདན་ས་བསྐྱངས་། དེ་སྐབས་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་དང་པོ་བློ་གྲོས་མཐའ་ཡས་ཀྱིས་དགོན་འདིར་བཤད་གྲྭ་ཞེས་དངོས་སུ་ཟུར་འཛུགས་མ་གནང་ཡང་། བོད་ཁམས་སྟོད་སྨད་བར་གསུམ་གྱི་ས་དགེ་དཀའ་རྙིང་རིས་མེད་སྐྱེས་ཆེན་བུ་སློབ་ཀྱི་ཚོགས་མ་བོས་ངང་གིས་འདུ་བ་རྣམས་ལ་མཛོད་ཆེན་རྣམ་ལྔ་གཙོས་རིས་མེད་བསྟན་པ་རྒྱ་མཚོའི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བསྩལ་བའི་བསྟི་གནས་ཁྱད་པར་ཅན་དུ་གྱུར། དུས་ཟིང་ཉམས་ཆག་རྗེས་སྤྲུལ་སྐུ་འཇམ་དབྱངས་ཆོས་འཕེལ་དང་གྲྭ་དཀར་དགའ་༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་སྐུ་ཕྲེང་གསུམ་པ་དང་གང་གི་ཕྱག་མཛོད་བསྟན་འཛིན་རྡོ་རྗེ་དང་རྫོང་ཤོད་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་བཅས་ཀྱིས་སྤྱི་ལོ་༡༩༨༣ ལོ་ནས་བཟུང་ ༢༠༢༠ ལོ་བར་འདུ་ཁང་རྟེན་དང་བརྟེན་པ་དང་། སྒྲུབ་ཁང་བསྐྱར་བཞེངས། སློབ་གྲྭ་གསར་འཛུགས་དང་བཅས་པ་འཛུགས་བསྐྲུན་ལེགས་པར་གྲུབ་སྟེ་ད་ལྟ་རྫོང་ཤོད་སྤྲུལ་སྐུ་སྐུ་ཕྲེང་གཉིས་པའི་འཛིན་སྐྱོང་འོག་དགེ་འདུན་རྣམས་ཀྱིས་བཤད་སྒྲུབ་གཉིས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའོ། །

འཇམ་མགོན་རིན་པོ་ཆེ་སྐུ་མཚམས་བཞུགས་སའི་གསུང་གནས་དབང་ཆེན་ཕུག །