སྤེན་བླ་ལྷ་ཁང་།

སྤེན་བླ་ལྷ་ཁང་ནི། བོད་ལྗོངས་མངའ་རིས་མཚོ་ཆེན་རྫོང་ཁོངས་སྨན་སྡོང་དགོན་པའི་དགོན་ལག་ཞིག་ཡིན། སྤེན་བླ་ལྷ་ཁང་འདི་ཐོག་མར་རིགས་རུས་ར་བ་ཡིནཔའི་འགོ་བ་རག་སྐྱ་འམ་བསོད་ནོར་གྱི་མཆོད་ཁང་དུ་བཞེངས། རྗེས་སུ་ཕྱོགས་བཅུ་སྡེ་བ་ཡོངས་དང་། ནག་ཚང་། ངམ་རིང་བཅས་ཀྱི་དུད་ཚང་བརྒྱ་ལྷག་གི་ཕྱག་མཆོད་འབུལ་ས་དང་། བླ་མ་སོགས་གདན་དྲངས་ཏེ་དབང་ལུང་ཆོས་ཞུ། ཉ་སྟོང་ཚེས་བཟང་སྐབས་བསྙེན་གནས་དང་སྨྱུང་གནས་བཞུགས་སའི་ལྷ་ཁང་ཞིག་ཏུ་གྱུར། གཞན་ཡང་གཟིམ་ཆུང་དང་མཛོད་ཁང་། མགོན་ཁང་མཆོད་རྟེན་བཅས་ཀྱང་ཡོད། དུས་ཕྱིས་སྨན་སྡོང་བླ་མ་བརྩོན་འགྲུས་ལྷ་ཁང་དེའི་བླ་མར་བསྐོས། རིག་གནས་གསར་བརྗེའི་སྐབས་ལྷག་ལུས་མེད་པར་རྩ་གཏོར་ཕྱིན། སླར་ཡང་ཕྱི་ལོ་༡༩༨༧ ལོར་རུམ་བཏེག་སྒྲུབ་ཁང་ནས་ཐོན་པའི་སྨན་སྡོང་བླ་མ་བློ་གྲོས་ཀྱིས་ཤུགས་ཆེའི་རྒྱབ་བསྐྱོར་གནང་ནས་སྤེན་བླའི་ལྷ་ཁང་བསྐྱར་བཞེངས་མཛད་ཡོད་པ་དང་རྗེས་སུ་སྨན་སྡོང་བླ་མ་བཀྲིས་རྒྱལ་མཚན་མཆོག་ནས་བཟོ་བསྐྲུན་རྒྱ ཆེར་གནང་བ། ད་ཆ་སྨན་སྡོང་བླ་མ་རྣམ་དག་གིས་འཛིན་སྐྱོང་གནང་བཞིན་བཞུགས་ཡོད།