༡༽སྐལ་བཟང་དགོན་པ་ནི།
ཁམས་ནང་ཆེན་རྫོང་སྡོམ་པ་ཡུལ་ཤོག་ན་ཡོད།
མཆོག་སྤྲུལ་ང་དགའ་སྐུ་ཕྲེང་དང་པོས་དུས་རབས་བཅུ་དགུ་པའི་སྨད་ཙམ་ལ་ཕྱག་བཏབ། ཆོས་བརྒྱུད་ཀརྨ་བཀའ་བརྒྱུད།
གཙུག་ལག་ཁང་དང་། མགོན་ཁང་། སྒྲུབ་ཁང་། དགོན་པའི་དུས་མཆོད་ཁག་བཅས་ཡོད།
༼༡༽ང་དགའ་སྤྲུལ་སྐུ།
ང་དགའ་སྐུ་ཕྲེང་དང་པོ་ནི་ངོར་པ་ཁ་རུ་ཕྱི་ལོ༡༨༤༡ ལྕགས་གླང་ལོར་སྐུ་འཁྲུངས་།
༧ཀརྨ་པ་ཐེག་མཆོག་རྡོ་རྗེས་ངོས་འཛིན་གནང་། གཏེར་ཆེན་མཆོག་གླིང་དང་སྟོང་ནག་བསྟན་འཛིན་རབ་རྒྱས་གཉིས་གཅིག་ཏུ་སྒྲིལ་བའི་སྐུ་ཡིན་པར་གྲགས།
ཁོང་ལ་མཆོག་དུ་བསྔགས་པའི་ཀླུ་དགེ་བསྙེན་ནས་ཕུལ་བའི་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་ཀླུ་སྨན་ཨར་རྒོད་བཅས་ཡོད། དགུང་གྲངས ༨༧ བཞུགས་ནས་ཕྱི་ལོ༡༩༢༨ས་འབྲུག་ལོར་ཞི་བར་གཤེགས།
༼༢༽ང་དགའ་སྐུ་ཕྲེང་གཉིས་པ་ཕྱི་ལོ༡༩༣༤ཤིང་ཁྱི་ལོར་སྐུ་འཁྲུངས། སི་ཏུ་པདྨ་དབང་མཆོག་རྒྱལ་པོས་ངོས་འཛིན་མཛད། མཚན་དགའ་རྡོ་ཉི་མ། རྟེན་དགེ་སློང་། གསོ་རིག་ལ་མཁས། རིག་གསར་སྐབས་དགུང་ལོ་༢༦བཞུགས་སྤྱི་ལོ་༡༩༦༠ལྕགས་བྱི་ལོར་ཟི་ལིང་དུ་འདས།
༼༣༽སྐུ་ཕྲེང་གསུམ་པ་ད་ལྟ་བཞུགས་པ་སི་ཏུ་པདྨ་དོན་ཡོད་ཉིན་བྱེད་ཀྱིས་ལུང་འཛིན་གནང་། མཚན་ཀརྨ་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་གསོལ། ཀོང་སྤྲུལ་བློ་གྲོས་ཆོས་ཀྱི་སེངྒེའི་མདུན་ནས་དགེ་སློང་གི་སྡོམ་པ་ནོད།
རང་དགོན་སྒྲུབ་ཁང་དུ་སྔ་ཕྱི་ལོ་དྲུག་བཞུགས། རིས་མེད་བླ་མ་བསྟེན་ནས་དབང་ལུང་མན་ངག་གིས་ཕྱུག་པར་མཛད་ནས་བསྟན་འགྲོའི་དོན་མཛད་བཞིན་པའོ། །