སྨར་རོལ་རྒྱུད་སྡེ་དགོན།

སྨར་རོལ་རྒྱུད་སྡེ་དགོན་ནི་ཕྱག་འདེབས་པ་པོ་ཀརྨ་པ་བཅུ་ཆོས་དབྱིངས་རྡོ་རྗེ་ཡིན། མདོ་སྨད་མགོ་ལོག་པདྨ་རྫོང་ཁུལ་དུ་ཡོད། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ནི། རབ་བྱུང་བཅུ་པའི་ཤིང་འབྲུག་ཕྱི་ལོ ༡༦༠༤ ལོར་མདོ་ཁམས་མགོ་ལོག་སྨར་སྟོད་ཀི་ཟི་ཐང་དུ་ཡབ་ཁྱེའུ་ཐར་དང་། ཡུམ་ཨ་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་ཨོ་རྒྱན་སྐྱབས་ཞེས་ཞུ། ཀཾ་པོ་གངས་ར་ནས་རྨ་ཆེན་སྤོམ་རའི་བར་དུ་ཞབས་ཀྱིས་བཅགས། ཡུལ་ལྷ་གཞི་བདག་གིས་གསེར་སྐྱེམས་དང་མཆོད་འབུལ་ཞུ་བ་སོགས་བྱུང་། འཇང་བོད་སོགས་མཆོག་དམན་གྱི་སྐྱེ་འགྲོ་རྣམས་དགེ་བའི་ལམ་བཟང་དུ་བཀོད། དབུས་གཙང་སོགས་སུ་ཕེབས་སྐབས་ཕ་ཝང་རོག་གཏམ་ཞེས་པ་ལ་ཞབས་རྗེས་བྱོན། བྱང་ཆུབ་དགོན་དུ་འབྲི་ཆུའི་གནོད་པ་བཟློག རྗེ་བཙུན་གཙུག་ལག་རྒྱ་མཚོས་གཙུག་ཕུད་བཞེས། ས་སྐྱོང་ཀརྨ་བསྟན་སྐྱོང་དབང་པོས་རྒྱལ་རྩེར་སྤྱན་དྲངས། འབྱོར་པ་རྒྱ་ཆེན་པོའི་མཆོད། དགེ་འདུན་ཚོགས་པའི་དབུས་སུ་སྨོན་ལམ་གྱི་མཛད་སྒོ་གནང་། ཞེ་གཅིག་པར་བསྙེན་པར་རྫོགས། ཁོང་ནི་རི་མོའི་སྒྱུ་རྩལ་དང་སྙན་ངག་སོགས་ལ་ཧ་ཅང་མཁས། མཛད་ཕྲིན་ཀྱང་བདག་གཞན་མཉམ་བརྗེས་དང་བདག་བས་གཞན་གཅེས་འབའ་ཞིག་གིས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྐྱངས། 1674 ལོར་སྐུ་གཤེགས། སློབ་ཚོགས་མང་ཞིང་མཛད་རྗེས་ཤིན་ཏུ་ཆེ།

སྨར་ཡེ་སངས་ནས།