དགོན་མིང་། སྐྱེ་རེ་དགོན།
བཏབ་ཡུལ། ཆབ་མདོ་རྫོང་ལྷ་ཐོག་ཡུལ་ཤོག
འདེབས་མཁན། རིག་འཛིན་ཁྱུང་དྲག་ནུས་ལྡན་མཐའ་ཡས་རྩལ།
བཏབ་ལོ། ༡༦༡༣
ཟུར་བརྗོད་མདོར་བསྡུས།
སྨར་ཁམས་ཀེ་ལའི་སྒང་། གཡུ་ཤེལ་པདྨོ་བཞད་འདྲའི་ལུང་སྟོད། གནས་ཆེན་ཉེར་ལྔའི་འདུ་གནས་ཐང་སྲས་ཡེ་འབྱམས་ཞལ་དཀར་རྡོ་རྗེ་འབར་བ་རྩལ་གྱིས་སྐྱོང་བའི་འོད་གསལ་ནམ་མཁའི་ཕོ་བྲང་གི་མདུན་ཞོལ་དུ། བོད་རབ་བྱུང་བཅུ་པའི་ཆུ་གླང་སྤྱི་ལོ་༡༦༡༣ལོར་རིག་འཛིན་ཁྱུང་དྲག་ནུས་ལྡན་མཐའ་ཡས་རྩལ་གྱིས་ཕྱག་བཏབ། ཆོས་རྒྱུད་ཀཿཐོག་པ་ཡིན། དེ་ནས་སྐྱེ་ཕྲེང་གསུམ་པ་ཀརྨ་འགྲོ་ཕན་རྒྱ་མཚོ་ཟུར་མང་དྲུང་བཅུ་པ་ཆོས་ཀྱི་ཉིན་བྱེད་ཀྱིས་ངོས་བཟུང་བ་ནས་ལྷ་ཐོག་རྒྱལ་པོ་བསོད་ནམས་འགྱུར་མེད་ཀྱིས་གནས་ཡུལ་འདི་དག་ཟུར་མང་གི་ཆོས་སྡེར་ཡོན་བདག་བྱ་རྒྱུའི་ཁས་བླངས་པ་ནས་སྤྱི་ལོ་༡༩༠༤ལོ་ནས་ཟུར་མང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་དགོན་པར་གྱུར་ཏེ། དྲུང་ཉིད་ཀྱིས་འདུ་ཁང་དང་སྙན་བརྒྱུད་ཀྱི་སྒྲུབ་སྡེ་སོགས་གསར་འཛུགས་གནང་བས། ད་ལྟའི་བར་མི་ནུབ་པར་གནས་ཤིང་རྒྱས་པ་ལགས་སོ། །