༈ རྡོ་སྨད་སྲས་མཁར་དགོན་པ་ནི། དམ་པ་དུ་མའི་ལུང་ཟིན་གྱི་སྐྱེས་བུ་རྗེ་མི་ལའི་རྣམ་འཕྲུལ་དུ་གྲགས་པ་སྲས་མཁར་བླ་མ་འཇིགས་མེད་འོད་གསལ་མཆོག་དགུང་གྲངས་སོ་ལྔར་བཞེས་སྐབས་བོད་རབས་རྒྱན་ཤིང་རྟ་ཕྱི་ལོ་༡༩༥༤ལོར་ཕྱག་བཏབ་མཛད། གྲུབ་མཐའ་ཀཾ་ཚང་བཀའ་བརྒྱུད། ས་གནས་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་གི་མངའ་ཁོངས་ཡིན། གནའ་ནས་ད་ལྟའི་བར་དུ་བསྟན་དགོན་བསྐྱངས་ཤིང་བཤད་སྒྲུབ་ལས་གསུམ་དར་རྒྱས་ཕུན་སུམ་པ་བྱུང་ནས་ད་ལྟའི་བར་དུ་གནས་བཞིན་པ་ལགས་སོ། །