རྡོ་ཁ་དགོན།

དགོན་མིང་། རྡོ་ཁ་དགོན།
བཏབ་ཡུལ། ཆབ་མདོ་རྫོང་སྨན་མདའ་ཡུལ་ཤོག
འདེབས་མཁན། དྲུང་ཆེན་བཅུ་པ་ཆོས་ཀྱི་ཉིན་བྱེད།
བཏབ་ལོ། ༡༩༠༧
ཟུར་བརྗོད་མདོར་བསྡུས།
འཛི་རྒྱལ་ཕྱུག་མོ་དར་མདུང་གི་མདུན་ཞོལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བཞུགས་ཤུལ་དུ་བོད་རབ་བྱུང་བཅོ་ལྔ་པའི་མེ་ལུག་༡༩༠༧ལོར་ཟུར་མང་དྲུང་ཆེན་བཅུ་པ་ཆོས་ཀྱི་ཉིན་བྱེད་ཀྱིས་ཕྱག་བཏབ། ཁྱད་པར་རོལ་རྡོར་དྲི་མེད་འོད་ཟེར་གྱིས་གཟིགས་སྐྱོང་བྱ་རྒྱུའི་འགན་བཞེས་མཛད་པས། དེ་ནས་བཟུང་དཔལ་ལྡན་ཟུར་མང་བཀའ་བརྒྱུད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྒྱུད་འཛིན་མཛད་པའི་དགོན་པ་ཚད་ལྡན་ཞིག་ཏུ་གྱུར་ཞིང་། གཙོ་ཆེར་གཏེར་དྲུང་གཉིས་ཀྱིས་སྐུ་སྐྱེ་བསྐོ་འཇོག་དང་གཟིགས་སྐྱོང་མཛད་པར་བརྟེན་བླ་མ་ཨ་སངས་དང་། བླ་མ་རྣམ་རྒྱལ། སྤྲུལ་སྐུ་འགྱུར་མེད་རྣམ་རྒྱལ་སྤུན་མཆེད་སོགས་ཀྱིས་རིམ་པར་བསྟན་པའི་ཁུར་ཆེན་པོ་བཞེས་ཏེ་དར་ཞིང་རྒྱས་པར་གྱུར་ཏོ། །