མངའ་རིས་འབྲི་རྭ་དགོན།

༢ མངའ་རིས་འབྲི་རྭ་དགོན། མིང་གཞན་འབྲི་ཐིམ་འབྲི་རྭ་དགོན་ནམ་གསང་ཆེན་ལྷ་ལུང་འབྲི་རྭ་དགོན་ཞེས་འབོད། དུས་རབས་བཅུ་གཅིག་པའི་ནང་ཙམ་ནས་རྗེ་རྒོད་ཚང་པས་ཐོག་མར་ཕྱག་བཏབ་ཅིང་། དེ་ནས་བཟུང་ཆོས་བརྒྱུད་དང་དགོན་གཞི་ལ་འཕེལ་གྲིབ་ཅི་རིགས་བྱུང་ཡང་། ད་ལྟ་ནི་ལྷ་འུ་བླ་མ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ་དང་། བླ་མ་རྡོ་རྗེ་ཚེ་འགྲུབ་སྐུ་མཆེད་གཉིས་ཀྱིས་ཉམས་གསོ་ལེགས་པར་མཛད་པ་དང་། བསྟན་པ་དང་དགེ་འདུན་པའི་སྡེ་རྣམས་འཛིན་སྐྱོང་གནང་བའི་ཡེལ་པ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་དགོན་སྡེ་ཞིག་ཡིན། གནས་ཡུལ་བོད་ལྗོངས་མངའ་རིས་ཁུལ་དགེ་རྒྱལ་རྫོང་གཞུང་པ་ཡུལ་གྱི་ས་ཆར་མཚོ་ཚད་༥༢༡༠ཡིས་མཐོ་བའི་སར་ཆགས་ཡོད།