དཔལ་ངེ་དགོན།

༄༅། །ཁམས་དགེ་རྒྱལ་དཔལ་ངེ་དགོན་གདན་ས་གོང་འོག་གཉིས་གྱི་ལོ་རྒྱུས་ནི། གདན་ས་དང་པོ་གསའ་ལྔའི་དགོན་པའམ་དཔལ་ངེའི་སྨིན་གྲོལ་རི་ཁྲོད་ནི། འགྱོ་ཆོས་སྐུ་རྒྱལ་བ་ཡེ་ཤེས་ནས། སྤྱི་ལོ་ ༡༡༧༣ ལོར་ཕྱག་བཏབ་ནས་གདན་ས་དང་ཆོས་རྒྱུད་ནི། དབོན་གདན་ས་པ་འགྱོ་གྲག་གཞོན། དེ་ནས་སློབ་རྒྱུད་དམ་པ་སངས་རྒྱས་ཀྱི་བར་སྒོམ་སྡེ་མ་ཆད་པ་ཡོད་པའི་གྲུབ་མཐའ་ཡེར་པ་བཀའ་བརྒྱུད་ཡིན་པ་དང་། གདན་ས་གཉིས་པ་དཔལ་ངེའི་ཐེག་མཆོག་བྱམས་ཆེན་གླིང་ནི། སྤྱི་ལོ ༡༢༤༠ ལོར་ཧོར་སོག་ཇིང་གི་རྒྱལ་པོའི་བོད་དུདམག་དྲང་ནས་གདན་ས་གོང་མ་ནས་གཏོར་བཤིག་བྱུང་བའི་སྐབས་སུ། གདན་རབས་གསུམ་པ་རྗེ་བཙུན་དམ་པ་སངས་རྒྱས། དགེ་རྒྱལ་བྱང་ཕྱོགས་འབྲི་རྫ་ཟལ་མོའི་སྒང་སྟོད་གནས་མཆོག་ཤེལ་ཕུག་དཀར་མོ་འབུམ་རྫོང་དུ་ཕྱག་བཏབས་ནས་ སྤྱི་ལོ་ ༢༠༡༥ ལོའི་བར་དུ་གདན་རབས་བཅུ་དྲུག་དང་ལོ་རབས་བརྒྱད་བརྒྱ་ཞེ་གཉིས་ལོན་པ་ལས་གདན་རབས་བཅུ་བཞི་པ་ཆོས་དབྱིངས་སྐུ་འཕྲེང་དང་པོ་རྒྱལ་དབང་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ངོས་འཛིན་མཛད་དེ་རྗེས་སུ་བཟུང་བ་ནས་ཀརྨ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་དགོན་སྡེ་ཡིན།

ནམ་མཁའ་རྫི་དཀར་ནས།